གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་གནས་རིམ་ནང་ བཙག་འཐུ་ཉོགས་བསལ་གཞི་བཙུགས་འབད་ནི།

༢༥/༡༢/༢༠༡༢   ༉ འདས་པའི་ སྤྱི་ལོ་༢༠༠༨ ཀྱི་ སྤྱི་ཚོགས་བཙག་འཐུ་དང་མ་འདྲཝ་སྦེ་ བཙག་འཐུ་དང་འབྲེལ་བའི་ རྩོད་ཉོགས་བསལ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ས་གནས་ཁ་ལས་འགོ་བཙུགས་ཐབས་ལུ་ རྫོང་ཁག་གནས་རིམ་ནང་ རྩོད་ཉོགས་བསལ་ཞིབ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་ཨིན་པས།


དེ་བཟུམ་མའི་ རྫོང་ཁག་བཙག་འཐུ་རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་དེ་ ན་ཧིང་ ས་གནས་གཞུང་གི་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ འགོ་དང་པ་གཞི་བཙུགས་འབད་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་གནས་རིམ་ནང་ གཞི་བཙུགས་འབད་དགོ་མི་དེ་ཡང་ བཙག་འཐུའི་སྐབས་ བཙག་འཐུ་དང་འབྲེལ་བའི་ རྩོད་ཉོགས་འདྲ་མིན་སྣ་ཚོགས་ འབྱུང་དོ་ཡོདཔ་བཞིན་དུ་ དེ་ཚུ་ཡིག་ཚང་ལྟེ་བའི་ བཙག་འཐུ་རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་གིས་ ཞིབ་དཔྱད་འབད་དགོཔ་འཐོན་དོ་ཡོདཔ་ལས་ རྩོད་གཞི་ཆུང་ཀུ་རེ་འཐོན་མི་ཚུ་ རྫོང་ཁག་གནས་རིམ་ནང་ལས་ར་ ཉོགས་བསལ་འབད་ ཐབས་ལུ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ སྦྱོང་བརྡར་འགོ་འདྲེན་པ་ ཀུན་ལེགས་ཀྱིས་སླབ་མིའི་ནང་ རྩོད་ཉོགས་འཐོན་མི་ཚུ་ག་ར་ ཡིག་ཚང་ལྟེ་བའི་ རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་གིས་ ལག་ལེན་འཐབ་དགོ་པའི་སྐབས་ དཀའ་ངལ་དང་ དོ་འགྲན་སྦོམ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་དང་འབྲེལ་བའི་རྩོད་གཞི་མང་ཤོས་ར་ ས་གནས་ནང་ལས་འབྱུང་དོ་ཡོདཔ་ལས་ དྲང་ཁྲིམས་ཀྱི་ལམ་ལུགས་དང་ ཆ་འདྲཝ་སྦེ་ རྩོད་ཉོགས་བསལ་ཐབས་དེ་ཡང་ ས་གནས་ཁ་ལས་ འགོ་བཙུགས་ནི་གི་དོན་ལུ་ ཨིན་ཟེར་ཨིན་པས།
རྫོང་ཁག་བཙག་འཐུའི་ རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་ནང་ རྫོང་ཁག་བཙག་འཐུ་འགོ་དཔོན་དང་ ཁྲིམས་དོན་འགོ་དཔོན་ཚུ་དེ་ལས་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ འཐུས་མིའི་གྲངས་སུ་ཚུདཔ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་རྩོད་ཉོགས་ནང་ འབྲེལ་གཏོགས་ཡོད་མི་ མི་ངོམ་དེ་ རྒེད་འོག་ག་ཏེ་ལས་ཨིན་ན་ དེ་དང་འབྲེལ་ཡོད་ཀྱི་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་མ་གཏོགས་ རྩོད་ཉོགས་ཞིབ་དཔྱད་སྐབས་ རྒེད་འོག་ཆ་མཉམ་གྱི་ བདག་སྐྱོང་འགོ་དཔོན་ཚུ་ འཐུས་མིའི་གྲས་ཁར་ བཅའ་མར་གཏོགས་དགོཔ་མེདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་ རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་གི་འཐུས་མི་ཚུ་ འགོ་ཐོག་ས་གནས་གཞུང་གི་བཙག་འཐུའི་སྐབས་ རྩོད་ཉོགས་ཞིབ་བསལ་དང་འབྲེལ་བའི་ ཤེས་ཡོན་ཉམས་མྱོང་དང་ རིག་རྩལ་ཚུ་ག་ནི་ཡང་མེདཔ་ཨིན་རུང་ ད་རེས་ རྒྱལ་ཡོངས་སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་༢ པ་དེ་ ཧ་ལམ་སྦོ་ལོགས་ཁར་ལྷོད་ཡོདཔ་བཞིན་དུ་ རྫོང་ཁག་ནང་ འོས་འབབ་ཅན་གྱི་ རྩོད་ཉོགས་ཞིབ་བསལ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ རིག་རྩལ་སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་ ཁ་ཙ་ དགེ་ལེགས་ཕུག་དང་ རྩི་རང་ གསར་སྤང་རྫོང་ཁག་ཚུ་ནང་ སྦྱོང་བརྡར་འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment