གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ན་མ་སྨིན་མི་ སློབ་ཕྲུག་དང་ དགའ་མཐུན་བྱུང་མི་ སློབ་དཔོན་ཅིག་འཛིན་བཟུང་།

༢༧/༡༢/༢༠༡༢   ༉ བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ ལོ་ན་མ་སྨིན་མི་ སློབ་ཕྲུག་བུམོ་ཅིག་དང་ འབྲེལ་བ་བྱུང་པའི་ ཁ་ཉེས་ཕོག་མི་ སློབ་གྲྭའི་སློབ་དཔོན་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།


དེ་ཡང་ རྡོ་རོ་ཁ་ འབྲིང་རིམ་སློབ་གྲྭ་བར་བའི་ སློབ་དཔོན་སྐྱེས་ལོ་༢༥ ལང་མི་དང་ སྐྱེས་ལོ་༡༨ ཨ་ཙི་ཅིག་ མ་ལང་མི་ སློབ་རིམ་༩ པའི་སློབ་ཕྲུག་བུམོ་གི་བར་ན་ དགའ་མཐུན་བྱུང་པའི་ ཁ་ཉེས་བཀལ་ཡོད་མི་ལུ་བརྟེན་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁ་ཉེས་ཕོག་མི་ སློབ་དཔོན་དེ་ ན་ཧིང་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་ཏེ་ དུས་ཅི་ སློབ་གྲྭའི་སློབ་དཔོན་སྦེ་ ལྷོད་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ པདྨ་ཆོས་འཕེལ་གྱིས་ སླབ་མིའི་ནང་ སློབ་དཔོན་དང་ སློབ་ཕྲུག་༢ ཀྱི་བར་ན་ ནམ་ལས་འབྲེལ་བ་འཐབ་ཡོདཔ་ཨིན་ན་ ཏན་ཏན་སྦེ་ མ་ཤེས་རུང་ སྤྱི་ཟླ་༡༡ པའི་ནང་ སློབ་གྲྭའི་དབང་འཛིན་ལུ་ ཤེས་རྟོགས་བྱུངམ་ད་ར་ བུམོ་དེ་ སློབ་གྲྭ་ནང་ལས་ བཏོན་བཏང་ཡོདཔ་མ་ཚད་ སློབ་དཔོན་དེ་ཡང་ རྫོང་ཁག་ཤེས་རིག་འགོ་དཔོན་ལུ་ རྩིས་སྤྲོད་ཅི་ཟེར་ཨིན་པས།
དེ་སྦེ་ ངོས་ལེན་དེ་འཕྲོ་ལས་ དམ་སྒྲིང་འབད་དགོ་མི་དེ་ཡང་ སློབ་དཔོན་དང་ སློབ་ཕྲུག་གཞན་ཚུ་གི་ མཐོང་སྣང་ལུ་ ལེགས་ཤོམ་མི་འོང་ནི་དང་ སློབ་གྲྭའི་མིང་གཏམ་ལུ་ཡང་ ཐོ་ཕོག་ཉེན་ཡོད་མི་ལུ་བརྟེན་ཨིན་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་བུམོ་དེ་ སློབ་གྲྭ་ནང་ལས་ བཏོན་བཏང་པའི་ཤུལ་ལུ་ རྫོང་ཁག་ཤེས་རིག་གིས་ བུམོ་དེ་ སྐྱེས་ལོ་༡༨ མ་ལངམ་ལས་ ལོ་ན་མ་སྨིན་པས་ཟེར་སླབ་སྟེ་ ཆོས་རྒྱུགས་རྐྱབ་བཅུག་དགོཔ་སྦེ་ སླབ་མི་དང་འཁྲིལ་ སློབ་གྲྭ་གིས་ཡང་ བུམོ་དེ་གི་ཕམ་ལུ་ བརྡ་སྤྲོད་ཡོད་རུང་ ཕམ་ཚུ་གིས་ དུས་ཅི་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ དཔེ་ཆ་ལྷབ་ལྷབ་མེདཔ་ལས་ ཚགས་ཁར་ཚུད་མི་ཚུགས་ཟེར་སླབ་སྟེ་ ཆོས་རྒྱུགས་རྐྱབ་པར་ མ་བཏང་ཟེར་ཨིན་པས།
ཞིབ་དཔྱད་སྡེ་ཚན་ཅིག་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ སློབ་གྲྭ་ལུ་ སྙན་ཞུ་ག་ཅི་ཡང་ མ་ལྷོད་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བུམོ་དེ་ ད་ལྟོ་ སྐྱེས་ལོ་༡༨ ལང་ཡོད་རུང་ སློབ་དཔོན་དང་ འབྲེལ་བ་བྱུང་པའི་སྐབས་ ལོ་༡༨ ཨ་ཙི་ཅིག་ མ་ལང་པས་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment