གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་བའི་སྙན་ཞུ་འབད་མི་ལུ་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་འབུམ་༡ བྱིན་ནི།

༢༦/༡༢/༢༠༡༢   དེ་ཡང་ ལྷ་ཁང་༦ ནང་ལས་ གླངམོ་ཆེའི་མཆེཝ་༡༣ དང་ ནོརབུ་བསི་ལི་རྭཝ་༡ ཨར་རྐུན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པ་ཅིན།
༉ འདས་པའི་ལོ་ངོ་༡ གི་ ནང་འཁོད་ལུ་ ནུབ་ཕྱོགས་རྫོང་ཁག་གསུམ་གྱི་ ལྷ་ཁང་༦ ནང་ལས་ ཨར་རྐུན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པའི་ གསང་བའི་སྙན་ཞུ་འབད་མི་ལུ་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་འབུམ་༡ བྱིན་ནི་ཟེར་ ཁྲིམས་སྲུང་འགག་པ་གིས་ གསལ་བསྒྲགས་འབདཝ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༨ པ་ལས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༢༠ ཚུན་ཚོད་ཀྱི་བར་ན་ ལྷ་ཁང་༦ ལས་ གླངམོ་ཆེའི་མཆེཝ་༡༣ དང་ ནོརབུ་བསི་ལི་རྭཝ་༡ ཨར་རྐུན་ཤོར་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་རྫོང་ཁག་རྐྱངམ་གཅིག་ནང་ལས་ར་ ལྷ་ཁང་༣ ཨར་རྐུན་ཤོར་ཡོདཔ་ད་ དེ་ཡང་ སྤང་ཁ་དགོན་པ་དང་ ཤོ་བ་ལྷ་ཁང་ མར་སི་སྤོག་ཏོ་ལྷ་ཁང་ཚུ་ཨིན་པས།
མར་སི་སྤོག་ཏོ་ལྷ་ཁང་ནང་ལས་ དུས་ཅི་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ གླངམོ་ཆེའི་མཆེཝ་ཡ་༡ ཨར་རྐུན་ཤར་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ ཤོ་བ་ལྷ་ཁང་ལས་ གླངམོ་ཆེའི་མཆེཝ་ཆ་༡ ཨརཝ་ཤོར་ཡོདཔ་མ་ཚད་ སྤང་ཁ་དགོན་པ་ལས་ཡང་ གླངམོ་ཆེའི་མཆེཝ་ཆ་༡ ཨར་རྐུན་ཤོར་ཡོདཔ་ཨིན་རུང་ ནམ་ཨརཝ་ཤོར་ཤོརཝ་ཨིན་ན་ ཚེས་གྲངས་ཐོབ་མ་ཚུགས་པས།
དེ་ལས་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ སྤ་རོ་སྟག་ཚང་གི་ལྟག་ལུ་ ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ གླངམོ་ཆེའི་མཆེཝ་ཆ་༢ ཨར་རྐུན་ཤོར་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་ལྷོད་ཡོད་མི་དེ་ འཕྲལ་གྱི་རྩོད་དོན་ཅིག་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ ཐིམ་ཕུ་རྫོང་ཁག་འོག་ལུ་ སྤུངམ་ལ་ལྷ་ཁང་ནང་ལས་ གླངམ་ཆེའི་མཆེཝ་ཆ་༡ ཨར་རྐུན་ཤོར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ སྤུ་ན་ཁ་ ཡ་མེད་དགོན་པ་ནང་ལས་ གླངམོ་ཆེའི་མཆེཝ་ཆ་༡ དང་ ནོརབུ་བསི་ལི་རྭཝ་༡ ཨར་རྐུན་ཤོར་ནུག།
ཁྲིམས་སྲུང་འགག་པའི་ གནས་ཚུལ་གསར་བཏོན་ནང་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ལས་ ཨར་རྐུན་ཤོར་དགོ་མིའི་ གནད་དོན་གཙོ་བོ་ར་ ལྷ་ཁང་དགོན་སྡེ་ཚུ་ གཡུས་སྒོ་ལས་ ཐག་རིང་སར་ཡོད་པའི་ཁར་ དཀོན་གཉེར་ཚུ་ དུས་རྒྱུན་དུ་ ལྷ་ཁང་ནང་ སྡོད་མ་ཚུགས་ནི་དེ་གིས་ཨིན་པས་ཟེར་བཀོད་ནུག།
ད་རེས་ནངས་པ་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཞིབ་དཔྱད་འགེགས་སྲུང་ཚུ་གིས་གཙོས་པའི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཞིབ་དཔྱད་འབད་མི་ བཙུགས་ཏེ་ཡོདཔ་མ་ཚད་ བྱ་ལྟ་མི་ཡང་ ལེ་ཤ་བཙུགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment