གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུང་ཆུའི་དཀའ་ངལ་ལུ་ ཁྲོམ་སྡེ་ལས་ ངོས་ལེན་མེདཔ།

༢༤/༡༢/༢༠༡༢   ༉ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ རིན་ཆེན་སྡིངས་ཀྱི་ འཐུང་ཆུ་ལེགས་བཅོས་ཁང་ ཉམས་བཅོས་འབད་བའི་བསྒང་ཡོདཔ་ཨིན་རུང་  ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་ཡོད་པའི་སྐོར་ལས་ ཁྲོམ་སྡེ་ལུ་ ག་དེམ་ཅིག་ར་ ཉོགས་བཤད་བཀོད་རུང་ ངོས་ལེན་འབད་ནི་མིན་འདུག་ཟེར་ཨིན་པས།


དེ་སྦེ་ ངོས་ལེན་འབད་ནི་མེད་མི་ལུ་བརྟེན་ ཁྲོམ་སྡེའི་ཞལ་འཛོམས་སྐབས་ འཐུང་ཆུའི་སྐོར་ ལོ་རྒྱུས་སླབ་ནི་དེ་ར་ བཞག་ད་ཡི་ཟེར་ རིན་ཆེན་སྡིངས་ཀྱི་ ཁྲོམ་སྡེའི་འཐུས་མི་ ཚེ་རིང་དབང་འདུས་ཀྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རིན་ཆེན་སྡིངས་ཀྱི་ མཐའ་སྐོར་ལུ་ སྡོད་མི་ག་ར་ འཐུང་ཆུའི་རྐ་གཅིག་ཡོད་མི་དེ་ སྤྱོད་དོ་ཡོད་མི་དེ་ཡང་ མི་རང་སོ་སོ་གིས་ ཆུ་དུང་ཉོ་ཞིནམ་ལས་ ཆུ་རྐ་དང་ མཐུད་ནུག་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཁོ་གིས་ ཞལ་འཛོམས་ནང་ ག་དེམ་ཅིག་ར་སླབ་རུང་ མ་དངུལ་མེད་པའི་སྐོར་ལས་ཡང་ སླབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ནང་ མི་རློབས་ལོ་གཅིག་ལས་ལོ་གཅིག་ ཡར་སེང་འགྱོ་མི་ལུ་བརྟེན་ ད་ལྟོ་ཡོད་མི་ ཆུའི་རྐ་ནང་ལས་ ལང་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
རིན་ཆེན་སྡིངས་ལུ་ ཚན་རིག་དང་ འཕྲུལ་རིག་སློབ་སྦྱོང་སྤེལ་ཁང་དང་ དམག་སྒར་ ལྷ་ཁང་ཚུ་ མ་རྩིས་བར་ ཁྱིམ་གུང་པ་༦༠ དེ་ཅིག་ཡོད་མི་ཚུ་ག་ར་ ཆུ་རྐ་གཅིག་ནང་ལས་ འཐུང་ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
འཐུང་ཆུའི་དཀའ་ངལ་སྐོར་ལས་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ ཁྲོམ་སྡེ་ཚོགས་སྡེའི་ཞལ་འཛོམས་ཐེངས་༦ པའི་ནང་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་སྡེ་ཚན་གྱི་ འགོ་དཔོན་འཇིགས་མེད་ཕུན་ཚོགས་ཀྱིས་ འབད་བ་ཅིན་ ཆུ་མང་ཤོས་ར་ ཚན་རིག་དང་ འཕྲུལ་རིག་སློབ་སྦྱོང་སྤེལ་ཁང་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་ ཁོང་གི་དོན་ལུ་ འཐུང་ཆུ་སོ་སོར་སྦེ་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།
རིན་ཆེན་སྡིངས་ཀྱི་ ཆུ་རྐ་ལས་ བཀྲམ་སྤེལ་འབད་མི་ འཐུང་ཆུ་དེ་ སྤེལ་ཁང་གི་ སློབ་ཕྲུག་༡,༥༠༠ རྩིས་ཏེ་ བསྡོམས་ཀྱིས་མི་༥,༠༠༠ དེ་ཅིག་གིས་ སྤྱོད་དོ་ཡོདཔ་ཨིན་པས།
མ་དངུལ་དངུལ་ཀྲམ་ས་ཡ་༡.༥ འབད་མི་ འཐུང་ཆུ་ལེགས་བཅོས་ཁང་གི་ལཱ་དེ་ སང་ཕོད་ཆར་ཆུའི་ དུས་ཚོད་འགོ་མ་བཙུགས་པའི་ཧེ་མར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ དེ་གིས་ འཐུང་ཆུའི་དཀའ་ངལ་ དུམ་གྲ་ཅིག་ སེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment