གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་༡ དམར་བསད་འབད་མིའི་ནང་ དོགས་ཅན་ཅིག་འཛིན་བཟུང་།

༢༩/༡༢/༢༠༡༢   ༉ བསམ་རྩེ་ཅེང་མ་རི་ལུ་ སྐྱེས་ལོ་༣༥ ལང་མི་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ ཧིན་དུའི་སྨོན་ལམ་ཆེན་མོའི་ནང་ འབྲེལ་གཏོགས་འབད་དེ་ ལོག་འོང་པའི་ལམ་ཁར་ དམར་བསད་འབད་ཡོདཔ་ཨིན་པས།
དེ་ཡང་ ཅེང་མ་རི་ཁྲོམ་ཁར་སྡོད་མི་ ཕོ་སྐྱེས་ཅིག་གིས་ ཁོ་གི་ཁྱིམ་གྱི་ སྦོ་ལོགས་ཁར་ མི་ངོ་མ་ཤེས་མིའི་ རོ་ཅིག་འདུག་ཟེར་ སྤྱི་ཟླ་༡༢ པའི་ཚེས་༢༧ གྱི་ ཕྱི་རུ་ཆུ་ཚོད་༡༡.༣༠ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་གིས་ དམར་བསད་ནང་ འབྲེལ་གཏོགས་ཀྱི་ དོགས་པ་ཡོད་མི་ བསམ་རྩེ་དག་པར་ལས་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྒྱ་གར་ཇཱལ་པའི་གུ་རི་རྫོང་ཁག་ ནཱ་གར་ཀ་ཊ་ལས་ཨིན་མི་ ཚེ་འདས་བཱོཇ་རཱཇ་དང་ ཁོ་གི་ཆ་རོགས་གཉིས་ ཅེང་མ་རི་ལུ་ ཧིན་དུའི་སྨོན་ལམ་ཆེན་པོའི་ནང་ འོང་ཡོདཔ་བཞིན་དུ་ དེ་ཚེ་ཕྱི་རུ་ ལོག་འགྱོ་བའི་ལམ་ཁར་ སྐྱེས་ལོ་༣༩ ལང་མི་ དོགས་ཅན་དང་ཕྱད་དེ་ ཁ་ཤག་རྐྱབ་ནུག་ཟེར་ཨིན་པས།
དེ་བསྒང་ ཁོང་༤ པོ་ཆ་ར་ ཆང་གིས་འགྲངས་ཡོདཔ་བཞིན་དུ་ འཐབ་འཛིང་འབདཝ་ད་ སྦ་ལག་ལེན་འཐབ་ཡོདཔ་ལས་ ག་གིས་ག་ལུ་ བླུགས་བྱིན་ཡི་ག་ར་མི་ཤེས་པས་ཟེར་ ཅེང་མ་རིའི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་ཨིན་པས།
དོགས་ཅན་དེ་ དེ་ཚེ་ཉི་མར་ བསམ་རྩེ་བིམ་ཊར་ལུ་ ཁོ་རའི་ ཕམ་སྡོད་སར་ ཆུམ་བསྐྱལ་བ་སོང་སྟེ་ ལོག་དག་པར་ལུ་འོངམ་ད་ ཧིན་དུ་ལྷ་ཁང་གི་ སྦོ་ལོགས་ཁ་ལས་ འགྱོ་དགོཔ་ལས་ འཐབ་འཛིང་ཡང་ དེ་ནང་བྱུང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དམར་བསད་ནང་ འབྲེལ་བ་ཡོད་པའི་ དོགས་ཅན་༢ པོ་དེ་ ས་ཁོངས་ནང་ལས་ བྱོག་ཡར་སོ་ནུག་ཟེར་ཨིནམ་ད་ ཁོང་༤ པོ་ འཐབ་འཛིང་འབད་དགོ་པའི་ གནད་དོན་དེ་ཡང་ ག་ཅི་ཨིན་ན་ སླབ་ནི་མིན་འདུག་ཟེར་སླབ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment