གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་ཀྱི་ལས་རིམ་ མཇུག་བསྡུ་ཡོདཔ།

༢༧/༡༢/༢༠༡༢   ༉ འབྲུག་བརྡ་བརྒྱུད་དམངས་གཙོ་ལྟེ་བ་གིས་ འགོ་འདྲེན་འཐབ་མི་ ཉིན་གྲངས་༨ འབད་མི་ བརྡ་བརྒྱུད་ཀྱི་ལས་རིམ་ཐེངས་༦ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ ཐིམ་ཕུ་ ན་གཞོན་དཔལ་རི་ལུ་སྦེ་ མཇུག་བསྡུ་ཡི།


ལས་རིམ་གྱི་སྐབས་ བཅའ་མར་གཏོགས་མི་སློབ་ཕྲུག་ཚུ་གིས་ བཟོ་བཀོད་འབད་མི་ མི་ཚེའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་དང་ ནང་འཁོད་རྩུབ་སྤྱོད་ ཕྱགས་སྙིགས་འཛིན་སྐྱོང་ཚུ་གི་སྐོར་ལས་ བརྡ་དོན་ཅན་དང་ སྤྲོ་སྣང་ཅན་གྱི་ གློག་བརྙན་མ་འདྲཝ་ཚུ་ གསལ་སྟོན་འབད་ཡི།
བརྡ་བརྒྱུད་ཀྱི་ལས་རིམ་དེ་ ལོ་བསྟར་བཞིན་དུ་ ཐེངས་༢ རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། 
ད་རེས་ཀྱི་ལས་རིམ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སྤེལ་ཁང་དང་སློབ་གྲྭ་ དེ་ལས་ བརྡ་བརྒྱུད་སྡེ་ཚན་གྱི་འཐུས་མི་༤༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་ནང་བཅའ་མར་གཏོགས་མི་ བསོད་ནམས་དབང་འདུས་ཀྱིས་སླབ་མིའི་ནང་ མ་འོངས་རྒྱལ་ཁབ་ཀྱི་ མི་ཁུངས་ཅིག་འབདཝ་ལས་ བརྡ་བརྒྱུད་དེ་ རྒྱལ་ཁབ་དང་ མི་སྡེ་ལུ་ ཁག་ཆེཝ་ཨིནམ་ ཤེས་དགོཔ་གལ་ཆེ་བས་ཟེར་ཨིན་པས།
བསྟན་འཛིན་རྣམ་རྒྱལ་གྱིས་འབད་བ་ཅིན་ ལས་རིམ་ནང་བཅའ་མར་གཏོགས་པའི་ཤུལ་ལུ་ གནས་ཚུལ་བསྡུ་སྒྲིག་འབདཝ་ད་ གདོང་ལེན་ག་དེ་སྦེ་འབྱུངམ་ཨིན་ནའི་སྐོར་ལས་ ལེགས༌ཤོམ་སྦེ་ ཧ་གོ་ཚུགས་ཅི་ཟེར་ ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment