གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་གྱིས་ གཡུས་མི་ཚུ་ལུ་ ཚོང་འབྲེལ་གྱི་ཕན་ཁྱད།

༢༢/༡༢/༢༠༡༢   ༉ སེར་ཐི་དང་ ལའུ་རི་རྒེད་འོག་གི་གཡུས་མི་ཚུ་གིས་ ཁྱིམ་ནང་གི་ཁག་ཆེ་བའི་མཁོ་ཆས་ཚུ་ཉོ་བར་ ཇོ་མོ་ཚང་ཁ་ལུ་མ་སོང་པར་ཟླཝ་༤ ལྷགཔ་ཅི་སོང་ཡོད་མི་དེ་ཡང་ ཁོང་རའི་གཡུས་སྒོའི་ཉེ་འདབས་ལུ་ ཚོང་ཁང་གསརཔ་གཞི་བཙུགས་འབད་ནི་དེ་གིས་ཨིན་པས།
ལའུ་རི་ལུ་ ཚོང་ཁང་གསརཔ་གཞི་བཙུགས་འབད་མི་ཚོང་ཁང་།


སོ་ནམ་ཞིང་ལམ་གསརཔ་དེ་ སེར་ཐི་རྒེད་འོག་ནང་སྦྲེལ་མཐུད་འབད་ཡོདཔ་ད་ ལའུ་རི་རྒེད་འོག་གི་དོན་ལུ་ ད་ལྟོ་སེལ་བའི་བསྒང་ཡོདཔ་ཨིན་པས།
སོ་ནམ་ཞིང་ལམ་ཚུ་ ད་ལྟོ་སེལ་བའི་བསྒང་འབད་རུང་ གཡུས་མི་༡༢ འབད་མི་སྡེ་ཚན་ཅིག་གིས་ ནགས་ཚལ་ཚུ་སེལ་ཐོག་ལས་ གཞུང་ས་ཡོད་མི་ཚུ་ནང་ལས་ཕར་ གནས་སྐབས་ཀྱི་སྦ་སྒོར་སྤུབ་ཐོག་ལས་ ཚོང་ཁང་བཙུགས་དོ་ཡོདཔ་ཨིན་པས།
ལག་ལེན་དེ་གིས་སྦེ་ ལའུ་རི་དང་ སེར་ཐི་གི་མི་སེར་ཚུ་གི་དོན་ལུ་ ཚོང་འབྲེལ་འཐབ་ས་ངོ་མ་ཅིག་ལུ་གྱུར་ཡོདཔ་ད་ ཚོང་ཁང་ཚུ་གཞི་བཙུགས་མ་འབད་བ་ཅིན་ ཁོང་ཆ་ཁྱབ་ ཁག་ཆེ་བའི་ཟ་ཆས་ཀྱི་རིགས་ཉོ་དོན་ལུ་ ཇོ་མོ་ཚང་ཁ་ཁྲོམ་ཁར་འགྱོ་དགོཔ་ཨིན་པས།
ལའུ་རི་ལས་ སོ་ནམ་པ་ཅིག་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོང་ཆས་ཚུ་ཉོ་ནིའི་དོན་ལུ་ སྤོག་ཤེས་རིག་ལུ་ འགྱོ་དགོཔ་ཨིན་རུང་ ད་རེས་ ས་གནས་ཁར་ཚོང་ཁང་བཙུགས་ཞིནམ་ལས་ འཇམ་ཏོང་ཏོ་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ པདྨ་དོན་གྲུབ་ཀྱིས་སླབ་མིའི་ནང་ ང་བཅས་ཀྱིས་ ཅ་ཆས་ཚུ་ས་གནས་ནང་ལས་ར་ ཇོ་མོ་ཚང་ཁ་དང་ གོང་ཚད་འདྲ་མཉམ་ཐོག་ལུ་སྦེ་ ཐོབ་ཚུགས་པའི་བསྒང་ལས་ ལཱ་ཁག་སྦེ་ ཁྲོམ་ཁར་འགྱོ་དགོཔ་མིན་འདུག་ཟེར་ཨིནམ་ད་ འདི་བཟུམ་གྱི་ཚོང་ཁང་གཞི་བཙུགས་འབད་ཚུགས་མི་དེ་ཡང་ གཙོ་བོ་ར་ སོ་ནམ་ཞིང་ལམ་གྱི་སྦྲེལ་མཐུད་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ད་ལྟོ་ཚོང་ཁང་བཙུགས་སྡོད་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༩༣ གྱི་སྐབས་ལུ་ སྤོག་ཤེས་རིག་ལུ་ཡང་ ཟ་ཆས་ཀྱི་ཚོང་ཁང་ཅིག་ལས་བརྒལ་མེདཔ་ཨིན་རུང་ སོ་ནམ་ཞིང་ལམ་གྱི་སྦྲེལ་མཐུད་བྱུང་བའི་ཤུལ་ལུ་ ཚོང་ཁང་གི་གྱངས་ཁ་ཡར་སེང་སོང་བའི་ཁར་ ཚོང་ཉོ་མི་ཡང་ ཡར་སེང་སོང་ཡི་ཟེར་ཨིན་པས།
ང་བཅས་ཀྱི་ཚོང་ཉོ་མིའི་ ཚོང་མགྲོན་པ་གཙོ་བོ་ཅིག་དེ་ འཁོར་ལམ་སེལ་སར་ལཱ་འབད་མི་ལས་མི་དང་ དེ་གི་ཤུལ་ལས་ གཡུས་མི་ཚུ་ཨིན་ཟེར་ སྐྱེས་ལོ་༣༧ ལང་མི་ ཚོང་དཔོན་ངག་དབང་ཆོས་རྗེ་གིས་སླབ་ཨིན་པས།
ཁོ་གིས་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་༧༠༠༠ དེ་རེ་གི་ཚོང་བཙོང་དོ་ཡོདཔ་ད་ ཁོ་གིས་ ཉིནམ་ཅིག་ནང་ མཐོ་ཤོས་དངུལ་ཀྲམ་༢༠,༠༠༠ འབད་མི་ཐོབ་ཅི་ཟེར་ཨིན་པས།
སེར་ཐི་རྒཔོ་གིས་སླབ་མིའི་ནང་ སེར་ཐི་ལུ་ སོ་ནམ་ཞིང་ལམ་སྦྲེལ་མཐུད་འབད་བའི་ཤུལ་ལུ་ ལའུ་རི་ལུ་འབད་ནི་ཨིན་མི་དང་བསྟུན་ ཚོང་ཁང་ཚུ་ཡང་ དེ་ཁར་ སྤོ་བཤུད་འབད་ནི་ཨིན་རུང་ ས་གནས་སྤོག་ཤེས་རིག་ལས་  ལའུ་རི་གི་ཚོང་པ་ཚུ་གིས་ སྤོ་བཤུད་འབད་ནིའི་འོས་འབབ་ཡོད་རུང་ སྨན་ཇི་འུང་དང་ སེར་ཐི་གི་ཚོང་པ་ཚུ་ ས་གནས་དེ་ཁ་ར་སྡོད་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment