གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་ལུ་བརྟེན་ རྒྱལ་ཁབ་མཐའ་དབུས་མེད་པའི་མི་སེར་ཚུ་ ཚ་གྱང་ལང་བཅུག་ཡོདཔ།

༩/༢/༢༠༡༣   ༉ ན་ཧིང་ གནམ་ལོ་ཆུ་ཕོ་འབྲུག་ལོའི་ནང་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ འབྲུག་པའི་མི་ཚུ་ བཙན་ཁྲིད་འབད་མི་ལུ་བརྟེན་ ས་གནས་ནང་སྡོད་མི་ཚུ་ འདྲོག་བྱེལ་འཐབ་དགོཔ་བྱུང་ཡོདཔ་མ་ཚད་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་ཡང་ ཚ་གྱང་ལང་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་ཡང་ འགོ་དང་པ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ གླ་འཁོར་དེད་གཡོགཔ་ཅིག་ གསར་སྤང་ལས་ དགེ་ལེགས་ཕུག་ཁ་ཐུག་ལུ་ འགྲོ་འགྲུལ་འབད་བའི་ལམ་ཁར་ དམག་གོ་ཁྲ་བོ་གྱོན་མི་ སྡེ་ཚན་ཅིག་གིས་ སྣུམ་འཁོར་ནང་ལས་བཏོན་ཏེ་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ བི་ནུ་ལཱལ་ སཱན་ཝར་དེ་ མི་ངན་ཚུ་གིས་ ཉིན་གྲངས་༢༦ གི་རིང་ བཙན་བཟུང་བཞག་པའི་ཤུལ་ལུ་ ཁོ་གི་གནས་ཚང་དང་ སྤུན་ཆ་ཚུ་གིས་ དངུལ་ཀྲམ་༢༡༠,༠༠༠ སྤྲོད་པའི་ཤུལ་ལུ་ ལོག་བཏང་ཡོདཔ་ཨིན་པས།
རྐྱེན་ངན་གཉིས་པམ་དེ་ སྐྱེས་ལོ་༥༡ ལང་མི་ རྩིསཔ་ཅིག་ ཁོ་རའི་ གཡུས་དགའ་སྐྱིད་གླིང་ལས་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
རྩིསཔ་རྡོ་རྗེ་གི་ བཟའ་ཚང་ཚུ་གིས་ དངུལ་ཀྲམ་༥༠༠,༠༠༠ སྤྲོད་ཡོདཔ་བཞིན་དུ་ ཉིན་གྲངས་༢༠ གི་ཤུལ་ལུ་ ལོག་བཏང་ཡོདཔ་ཨིན་པས།
རྐྱེན་ངན་གསུམ་པའི་ནང་ རྒྱལ་ཁབ་ཀྱི་ ས་མཚམས་ནང་གི་ གཡིབ་དམག་ཚུ་གིས་ སྤྱི་ཟླ་༡ པའི་ཚེས་༤ ལུ་གསར་སྤང་ཁྲོམ་ཁ་ལས་ སྐྱེས་ལོ་༡༨ ལང་མི་ བུཚ་ཅིག་ ཀྲོབ་མདའ་དཔག་ཐོག་ལས་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
བཙན་ཁྲིད་འབད་མི་ཚུ་གིས་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ ཀི་རན་ཆེ་ཏི་རི་གི་ བཟའ་ཚང་ཚུ་གིས་ དངུལ་ཀྲམ་༥༠༠,༠༠༠ ལྷགཔ་ཅིག་ སྤྲོད་པའི་ཤུལ་ལུ་ ལོག་བཏང་ཡོདཔ་ཨིན་པས།
ཡང་བསྐྱར་བཙན་ཁྲིད་འབད་མི་ལུ་བརྟེན་ དྲི་བ་ལེ་ཤ་ བཀོད་དགོཔ་ཐོན་དོ་ཡོདཔ་ཨིན་པས།
བཙན་ཁྲིད་འབད་མི་དེ་ ག་ཅི་སྦེ་ ནན་བསྐྱར་བྱུང་དགོཔ་ཨིན་ན? གཞུང་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ དཀའ་ངལ་བསལ་ནིའི་ནང་ གཙོ་བོར་བཏོན་དོ་ཡོདཔ་ཨིན་ན? ས་མཚམས་ཀྱི་གཡིབ་དམག་ཚུ་གིས་ ཏི་རུ་གི་ དོན་ལུ་འབད་དོ་ཡོདཔ་ཨིན་ན? དེ་བཟུམ་མའི་དཀའ་ངལ་ལོག་མི་ཐོན་ནིའི་དོན་ལུ་ དབང་འཛིན་ཚུ་ ག་ཅི་འབད་དོ་ཡོདཔ་ཨིན་ན་ མ་གཞི་ མི་ག་གིས་ཡང་ གདོང་ཁར་ཐོན་ཏེ་ སླབ་མ་བཏུབ་མ་གཏོགས་ བཙན་ཁྲིད་འབད་མི་ མི་གསུམ་པོ་དེ་ ག་ཐོབ་སྦེ་ འབད་འབདཝ་མེན་པར་ གདམ་ཁ་རྐྱབ་སྟེ་ར་ འབད་འབདཝ་མས་ཟེར་ཨིན་པས།
གླ་འཁོར་གྱི་ དེད་གཡོགཔ་དེ་གིས་ བཙན་ཁྲིད་འབད་མི་ཚུ་ལུ་ ཏི་རུ་སྤྲོད་ནི་འདུག་ཟེར་ སླབ་ཡོདཔ་མ་ཚད་ ལ་ལུ་གིས་འབད་བ་ཅིན་ ཁོ་གིས་ ས་བཙོང་ཡོདཔ་ལས་ བཙན་ཁྲིད་འབད་མི་ཚུ་གིས་ ཁོ་ལུ་ ཏི་རུ་ཡོདཔ་ཤེས་ཏེ་ འབད་འབདཝ་མས་ཟེར་ཨིན་པས།
རྩིསཔ་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གི་ ཁྱིམ་ཚང་གཅིག་ ས་གནས་ནང་གི་ གཞན་མི་ཅིག་དང་ མ་འཆམ་མི་ལུ་བརྟེན་ བཙན་ཁྲིད་འབད་དགོཔ་སྦེ་ སླབ་ད་ལུ་ ངོ་འཛོལ་ཏེ་ ཁོ་ བཙན་ཁྲིད་འབད་ཡོདཔ་སྦེ་ སླབ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ ཀི་རན་ ཆེ་ཏི་རི་ བཙན་ཁྲིད་འབད་དགོ་མི་དེ་ ཁོ་གི་ ཨ་ཁུ་དེ་ ས་མཚམས་ཀྱི་ མི་ལ་ལུ་ཅིག་དང་ མ་འཆམ་མི་ལུ་བརྟེན་ཏེ་ཨིན་པས།
ས་མཚམས་ཀྱི་ ས་གནས་ཚུ་ནང་ ནགས་ཚལ་སྟུག་དྲགས་སྦེ་ཡོདཔ་ལས་ གཞུང་ལུ་ གདམ་ཁ་ཡོད་རུང་མེད་རུང་ རྒྱ་གར་གྱི་ མཉམ་འབྲེལ་བ་ཚུ་དང་གཅིག་ཁར་ ཁ་སླབ་ཞིནམ་ལས་ གཞུང་དང་ མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་དེ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལུ་ མི་ཚུ་གིས་ ཏི་རུ་གི་དོན་ལུ་ ག་ཅི་ཡང་ འབད་དོ་ཡོདཔ་ཨིན་པས།
ཧེ་མ་ ཧཱ་ལྷ་ཁང་དཀར་པོའི་ དགེ་སློང་ཅིག་ཨིན་མི་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་༡ གིས་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་ཀྱི་ སྤྲུལ་སྐུ་ཨིན་ཟེར་སླབ་སྟེ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་དང་ ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ མགུ་སྐོར་རྐྱབ་ཡོདཔ་ཨིན་པས།
ཧཱ་ སྦྱིས་རྒེད་འོག་ལས་ཨིན་མི་ རྡོ་རྗེ་གིས་ ཏི་རུའི་དོན་ལུ་ འབད་ཡི་ཟེར་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་ ཕོ་སྐྱེས་༢ ཀྱིས་ ལྟ་བཤལ་ལམ་སྟོན་པ་ཨིནམ་བཟོ་སྟེ་ སྣུམ་འཁོར་ཀི་ཡ་ སོ་རེན་ཊོ་དང་ པར་ཌོ་ དེ་ལས་ སཱན་ཏ་ཕཱི་༡ གླ་ཁར་ལེནམ་ཨིནམ་ བཟོ་ཞིནམ་ལས་ སྒེར་གྱི་དོན་ལུ་ སྤྱོད་ཡོདཔ་མ་ཚད་ སྣུམ་འཁོར་༡ རྒྱ་གར་རྒྱལ་ཁབ་ནང་ བཙོང་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༢༣ ལང་མི་ ངག་དབང་རྡོ་རྗེ་དང་ མོང་སྒར་ལས་ སྐྱེས་ལོ་༢༦ ལང་མི་ སྐལ་བཟང་བསྟན་འཛིན་གཉིས་ཀྱིས་ སྣུམ་འཁོར་ཀི་ཡ་ སོ་རཱན་ཊོ་དང་ པར་ཌོ་གཉིས་སྤྱོད་ཡོདཔ་མ་ཚད་ སྣུམ་འཁོར་སཱན་ཏ་ཕཱི་དེ་ རྒྱ་གར་གྱི་ས་གནས་ ན་ག་ལེནཌི་ལུ་ བཙོང་ཡོདཔ་ཨིན་པས།
གཞང་བཙོང་ནང་ འབྲེལ་གཏོགས་འབད་མི་༧ སྤ་རོ་ཚོང་འདུས་ཁྲོམ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ སྤ་རོ་ཚོང་འདུས་ལས་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་ གཞང་བཙོང་ནང་ འབྲེལ་བ་འཐབ་མིའི་ཐད་ཁར་ འཛིན་བཟུང་འབད་ཡོདཔ་ད་ རྒྱ་གར་གྱི་ མི་ཁུངས་ཅིག་ཨིན་མི་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སྐྱེས་ལོ་༤༦ ལང་མི་ ཚོང་པ་དེ་གིས་ ཚོང་ཁང་གི་ ཁང་མིག་ཅིག་ གཞང་བཙོང་ཁང་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གཞལམ་སྒང་ལུ་ བརྒྱད་སྟོང་པ་གསེར་བྲིསམ་ཅིག་ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ ཕོ་སྐྱེས་༨ དང་ ཨམ་སྲུ་༡ འཛིན་བཟུང་འབད་ཡོདཔ་ད་ དེ་ནང་འབྲེལ་བ་ཡོད་མི་ ཞི་གཡོགཔ་ཚུ་ཡང་ ཚུད་དེ་ཡོདཔ་
ཨིན་པའི་གནས་ཚུལ།

No comments:

Post a Comment