གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་ཕྱོགས་ཀྱི་ ལས་དོན་དང་འབྲེལ་བའི་ བྱ་རིམ།

༩/༢/༢༠༡༣   ༉ ན་ཧིང་ གནམ་ལོ་ཆུ་ཕོ་འབྲུག་ལོའི་ནང་ ཆོས་ཕྱོགས་ཀྱི་ལས་སྣ་ ལེ་ཤ་ཅིག་ར་ མཛད་ཡོད་མི་ཚུ་གི་གྲས་ལས་ རྩ་ཆེ་ཤོས་ཅིགཔ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༡ ལས་འགོ་བཙུགས་ ཉིན་གྲངས་༡༥ འི་རིང་ སྤུ་ན་ཁ་ལུ་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་མི་དེ་ཨིན་པས།


དབང་ཆེན་གྱི་སྐབས་ལུ་ དད་ཅན་༡༠༠,༠༠༠ ལྷགཔ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ གྲུབ་འབྲས་ལེགས་ཤོམ་ ཐོན་ཡོདཔ་ཨིན་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ལོ་ཆོག་ཚུ་གིས་རྩིས་པའི་ ཆོས་ཕྱོགས་ཀྱི་ལས་སྣ་ཚུ་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་ དུས་མཉམ་ལུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ སླབ་མི་ལུ་བརྟེན་ མི་སེར་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་ཚུ་ཡང་ ཐོན་ཡོདཔ་ཨིན།
ལོ་དེ་གི་ སྤྱི་ཟླ་༡༡ པའི་ཚེས་༡༦ ལས་འགོ་བཙུགས་ དགེ་ལེགས་ཕུག་ལུ་ སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཟླཝ་གཅིག་གི་རིང་ ཀུན་མཁྱེན་རིག་འཛིན་ཆེན་པོ་ འཇིགས་མེད་གླིང་པའི་བཀའ་དབང་དང་ ལྗགས་ལུང་གནང་ཡོདཔ་ད་ དེ་ནང་ རྒྱལ་ཁབ་ཕྱི་ནང་གཉིས་ལས་ དད་ཅན་ སྐྱ་སེར་ཕོ་མོ་༢༠,༠༠༠ ལྷགཔ་ཅིག་གིས་ འབྲེལ་གཏོགས་འབད་ཡི།
འབྲུག་ལོ་དེ་ནང་ ཞིང་བཤེགས་དམ་པ་ སྐྱབས་རྗེ་གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེའི་སྐུ་གདུང་ སྤ་རོ་ལམ་གོང་ དར་མགོ་ཕུག་ལུ་སྦེ་ སྤུར་སྦྱང་ཕུལ་ཡོདཔ་ད་ དེ་གི་སྐབས་ ཞིང་བཤེགས་དམ་པའི་ཡབ་ སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་ སངས་རྒྱས་པདྨ་རིན་པོ་ཆེ་དང་ བཀའ་ཐོག་སི་ཏུ་རིན་པོ་ཆེ་ བཀྲིས་སྒང་ ཡོན་ཕུག་ལ་རིན་པོ་ཆེ་ དེ་ལས་ རིན་པོ་ཆེ་ཁོ་རའི་སློབ་མ་ཚུ་དང་ ཁྲོས་མའི་ཉམས་ལེན་འབད་མི་ སྒོམ་ཆེན་ དགེ་སློང་ དེ་ལས་ ཨ་ནེམ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ཆོས་སྡེ་༨༠ དེ་ཅིག་ཡོད་པའི་ནང་ལས་ རྩིས་འཛིན་པ་དང་ དྲུང་ཆེན་ཚུ་གིས་ ཕུན་ཚོགས་གླིང་ལུ་སྦེ་ རྩིས་དང་འབྲེལ་བའི་ འཛིན་སྐྱོང་གི་སྦྱོང་བརྡར་ འགོ་དང་པ་འགོ་འདྲེན་འཐབ་མིའི་ནང་ འབྲེལ་གཏོགས་འབད་ཡོདཔ་ད་ སྤྱི་ཟླ་༡༠ པའི་ནང་ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ལུ་སྦེ་ དོན་རྒྱུད་དཔལ་ལྡན་འབྲུག་པའི་ ལོ་བསྟར་ཚོགས་ཆེན་ཐེངས་༤ པ་དེ་ འཚོགས་ཡོདཔ་ཨིན།
སྤུ་ན་ཁ་ལུ་ཡོད་པའི་ ཆུ་ཞིང་ཚུ་ལས་ ཨེ་ཀར་༨༠༠ ལྷགཔ་ཅིག་ གཞུང་དགེ་འདུན་གྲྭ་ཚང་གི་ཨིན་རུང་ ཞིང་ཆུའི་གཡུར་བ་ཉམས་བཅོས་འབད་ནིའི་དོན་ལུ་ གཞུང་གྲྭ་ཚང་གིས་ གླ་འཐུས་གནང་མ་བཏུབ་པར་ བྱ་སྟབས་མ་བདེཝ་ཐོན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment