གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་མཛོད་ཁང་གི་དོན་ལུ་ ས་འོག་ཆུ་དུང་བཏོན་ཚར་ཡོདཔ།

༩/༢/༢༠༡༣    ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ཀྲོང་གསར་ཁྲོམ་ལས་ ཀི་ལོ་མི་ཊར་༩ དེ་ཅིག་གི་ ས་ཁར་ཡོད་མི་ ཆུ་མཛོད་ཁང་གི་དོན་ལུ་ ས་འོག་ཆུ་ལམ་སེལ་བའི་བསྒང་ཡོད་མི་དེ་ སྤྱི་ཟླ་༢ པའི་ཚེས་༧ ལུ་ གས་རྫས་མཇུག་བཀལ་ཏེ་ བཏོན་ཚར་ཡོདཔ་ལས་ རྩི་ས་གཏང་ནིའི་ལཱ་ཚུ་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།


གས་རྫས་མཇུག་བཀལ་མི་དེ་གིས་ གཙང་ཆུ་ཁ་བསྒྱུར་ནིའི་དོན་ལུ་ བཟོ་བའི་བསྒང་ཡོད་མི་ ས་དོང་ནང་ལས་ དོང་སྤེད་མི་དེ་ གཅིག་གིས་གཅིག་ལུ་ མཐུད་ཡོད་པའི་བརྡ་མཚོན་ཨིན་པས།
གློག་མེ་ལས་འགུལ་གྱི་ ཆུ་མཛོད་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཀརྨ་ཆོས་འཕེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དོང་སྤེད་ནི་གི་ ལཱ་མཇུག་བསྡུ་ཡོདཔ་ལས་ ཟླ་གསུམ་གྱི་རྒྱབ་ལས་ དོང་ཚུ་ལུ་ རྩི་ས་སྦྱར་ཚར་ཏེ་ གཙང་ཆུ་དེ་ གནས་སྐབས་ཀྱི་དོན་ལུ་ ཆུ་དུང་ནང་ ཁ་བསྒྱུར་བཏང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོང་སྤེད་ནིའི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་དོ་ཡོད་པའི་ཁར་ བར་ན་ལས་ རྡོ་དང་འབྲེལ་བའི་དཀའ་ངལ་ ག་ནི་ཡང་ མ་ཐོན་ཟེར་ཨིནམ་ད་ ལཱ་དེ་ མཇུག་བསྡུ་ནིའི་དོན་ལུ་ ཟླཝ་གསུམ་འགོར་ནི་ཨིན་རུང་ ལཱ་ངོ་མ་ཚུ་ ད་རེས་ཀྱི་ཟླ་མཇུག་ལུ་ རྫོགས་ནི་ཨིན་པས།
ས་དོང་དེ་ རིང་ཚད་མི་ཊར་༦༨༢ དང་ དཀྱིལ་ཐིག་གི་ སྦོམ་ཚད་མི་ཊར་༨.༥ ཡོད་མི་དེ་ ལོ་ངོ་༢༥ འི་ནང་འཁོད་ལུ་ ཐེངས་རེ་ ཆུ་རུད་འཐོན་པ་ཅིན་ ཆུ་ཀིའུ་བིག་མི་ཊར་༨༢༢ བཏོན་བཏང་ཚུགས་པའི་ ནུས་ཚད་ཡོདཔ་ཨིན་པས།
ཆུ་མཛོད་ངོ་མ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ལོ་གཉིས་འགོར་ནི་དང་ ཆུ་མཛོད་དེ་ རིང་ཚད་མི་ཊར་༡༤༡ དང་ ཆུ་གཤམ་ལས་ མི་ཊར་༥༦ གི་ལྟག་ལུ་ འོང་ནི་ཨིན་པས།
དེ་དང་འབྲེལ་ ཆུ་འཛུལ་སའི་ གདོང་ཕྱོགས་ལས་ རྩི་ས་སྦྱར་ནིའི་ལཱ་ཚུ་ འགོ་བཙུགས་ཏེ་ཡོདཔ་ལས་ སྤྱི་ཟླ་༦ པའི་ནང་ གཙང་ཆུ་ཁ་བསྒྱུར་གཏང་ནི་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment