བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་དང་ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི། |
བློན་ཆེན་མཆོག་དང་ སྲིད་བློན་་ཌོག་ཊར་མཱན་མོ་ཧཱན་སིང་རྣམ་གཉིས་ལྷན་བཞུགས། |
སྲིད་འཛིན་ པར་ནཱབ་མུ་ཁར་ཇི་གིས་འབད་བ་ཅིན་ རྒྱ་གར་གྱིས་ འབྲུག་དང་གཅིག་ཁར་ མཐུན་འབྲེལ་བཞག་ནི་དེ་ ག་ནི་བ་ གལ་གནད་ཅན་སྦེ་ བརྩི་འཇོག་འབད་བའི་ཁར་ བློན་ཆེན་གྱིས་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ བློན་ཆེན་དང་པ་སྦེ་ བཙག་འཐུ་གྲུབ་ཞིནམ་ལས་ འགན་ཁུར་རྩ་ཅན་འབག་སྟེ་ ཕྱག་ལཱ་གནང་མི་ལུ་ བསྟོད་བསྔགས་ཞུ་ཡོདཔ་ཨིན་པས།
ད་རུང་ བློན་ཆེན་གྱིས་ སྲིད་བློན་ཌོག་ཊར་མཱན་མོ་ཧཱན་སིང་གིས་ རྒྱ་གར་གཞུང་གིས་ འབྲུག་ལུ་ རྒྱབ་སྐྱོར་དང་ རོགས་རམ་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ ཞུ་མི་གིས་ མ་ཚད་པར་ བློན་ཆེན་གྱིས་ གློག་མེ་ལས་དོན་ནང་ མཉམ་འབྲེལ་འབད་ནི་ལ་སོགས་པའི་ ཕན་ཚུན་གནད་དོན་ཚུ་དང་ རྒྱལ་ཁབ་གཉིས་ཀྱི་ དཔལ་འབྱོར་ལྷག་པར་དུ་ གཅིག་སྒྲིལ་བཟོ་ནིའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ སྲིད་བློན་ཌོག་ཊར་མཱན་མོ་ཧཱན་སིང་གིས་ རྒྱ་གར་གཞུང་ལས་ གློག་མེ་སྡེ་ཚན་གྱིས་གཙོས་པའི་ ལས་དོན་ཆ་མཉམ་ནང་ ཁས་ལེན་འབད་མི་ཚུ་ འགྲུབ་ཚུགསཔ་འབད་ནི་གི་ ཁས་ལེན་ཡོད་ལུགས་བཤད་ནུག།
བློན་ཆེན་མཆོག་གིས་ སྲིད་འཛིན་འོག་མ་ མོ་ཧཱ་མཱཌ་ ཧ་མིཌ་ ཨཱན་ས་རི་དང་ དངུལ་རྩིས་བློན་པོ་ པི་ཅི་དམ་བཱ་རམ་ ཀོང་གེ་རེསི་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཌིག་བི་ཇེ་སིང་དང་ མཇལ་ཕྲད་གནང་ཡོདཔ་ད་ ད་རིས་ རྒྱལ་ཁབ་ནང་ ལོག་མ་བྱོན་པའི་ཧེ་མར་ རྒྱ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཤིབ་ཤང་ཀར་ མེ་ནཱོན་གྱིས་ བློན་ཆེན་དང་ མཇལ་ཕྲད་ཞུཝ་ཨིན་པས།
བློན་ཆེན་གྱི་ གཞུང་འབྲེལ་གཟིགས་སྐོར་ཉིན་གྲངས་༢ ཀྱིས་ འབྲུག་དང་ རྒྱ་གར་གྱི་བར་ན་ མཐུན་འབྲེལ་དང་ མཉམ་འབྲེལ་ལྷག་པར་དུ་ རྩ་བརྟན་བཟོ་ཡོད་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment