གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་གི་ དུས་སྟོན་བརྩི་སྲུང་དང་འབྲེལ་བའི་དོ་འགྲན།

༩/༢/༢༠༡༣   ༉ གནམ་ལོ་ཆུ་ཕོ་འབྲུག་ལོ་ལུ་ འབྲུག་རྒྱལ་ཁབ་ནང་ དགའ་སྟོན་བརྩི་སྲུང་འབད་མི་དེ་ ཤེས་རིག་ལས་སྡེ་ཨིནམ་ད་ དེ་ཡང་ འབྲུག་རྒྱལ་ཁབ་ནང་ ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནི་དེ་གིས་ཨིན་པས།


སྤྱི་ཟླ་༥ པའི་ཚེས་༣ ལུ་ ཐིམ་ཕུ་ན་གཞོན་དཔལ་རི་ལུ་སྦེ་ འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ ཤེས་རིག་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་སྐབས་ ད་ཚུན་ རྒྱལ་ཁབ་ནང་ ཤེས་རིག་གོང་འཕེལ་བཏང་མི་ སློབ་དཔོན་བགྲེསཔ་༨ ལུ་ ངོས་འཛིན་འབདཝ་མ་ཚད་ ཤེས་རིག་གི་ འགྲེམ་རྟགས་དང་ དྲན་རྟེན་ཚུ་ཡང་ གསར་བཏོན་འབད་ཡི།
ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་སར་ འབྲུག་རྒྱལ་༣ པ་མཆོག་གིས་ དེང་སང་གི་ ཤེས་རིག་འགོ་བཙུགས་གནངམ་ལས་ཚུར་ ཤེས་རིག་གོང་འཕེལ་དང་ རང་བཙན་ དེ་ལས་ ཉེན་སྲུང་སྒྲིང་སྒྲིང་བཟོ་གནང་མི་ལུ་ གུས་བཏུད་ཞུ་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་དང་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་གིས་ གུས་བཏུད་ཞུཝ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ ཆབ་སྲིད་མངའ་ཐང་རྒྱས་ནིའི་དོན་ལུ་ ཞབས་བརྟན་ཕུལ་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་དང་ རྒྱལ་ཡོངས་ཀྱི་དམིགས་གཏད་འགྲུབ་ནི་ མི་སྡེའི་གནས་སྟངས་བསྒྱུར་བཅོས་འབད་ནི་ དེ་ལས་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཤེས་ཡོན་གང་དྲག་བྱིན་ཏེ་ རྒྱལ་ཁབ་སྲུང་སྐྱོབ་འབད་ནི་དང་ བདག་འཛིན་འཐབ་ནིའི་འགན་ཁུར་དེ་ སློབ་དཔོན་ཚུ་ལུ་ རག་ལསཔ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ སློབ་དཔོན་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་གི་མཐའ་དོན་ལུ་ འཚེར་སྣང་ལུ་མ་ལྟ་བར་ ཅི་ཤེས་གང་ལྕོགས་ཀྱི་ཐོག་ལས་ དཀའཝ་སྤྱད་དེ་ ཕྱག་ཕྱིད་ཞུ་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡི།
ངོས་འཛིན་གྱི་ གསོལ་རས་ཐོབ་མི་ སློབ་དཔོན་བགྲེསཔ་ཚུ་གི་གྲས་ལས་ སྐྱེས་ལོ་༧༩ ལང་མི་ དྲགོས་ཤེས་རབ་མཐའ་ཡས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༡༩༦༥ ལུ་ ད་རེས་ནངས་པའི་ ཤེས་རིག་གི་བར་ན་ ཁྱད་པར་སྦོམ་སྦེ་ར་ མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ ཧེ་མའི་ སློབ་དཔོན་ཚུ་འབད་བ་ཅིན་ སློབ་སྟོན་འབད་ནིའི་དོན་ལུ་ ཉིན་གྲངས་༤ ལྷགཔ་ཅིག་ རྐང་ཐང་འགྱོ་དགོ་པའི་ ས་གནས་ཚུ་ནང་ དཔེ་ཆ་སྟོན་པར་ འགྱོ་དགོ་ཟེར་ཨིན་པས།
དུས་སྟོན་བརྩི་ནི་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ དོ་འགྲན་འབད་དགོ་པའི་གྲས་ལས་ སློབ་ཕྲུག་ཨ་ལུ་༢ ལུ་ ཟས་བཅུད་ལྡན་པའི་བཞེས་སྒོ་མ་ཐོབ་མི་ལུ་བརྟེན་ སློབ་ཕྲུག་༢ ལུ་ ཤི་རྐྱེན་བྱུང་ཡོད་པའི་ཤུལ་ལས་ ཟས་བཅུག་ལྡན་པའི་བཞེས་སྒོ་བྱིན་ནིའི་དོན་ལུ་ ཟླ་རིམ་ལྟོ་ཕོགས་ འཐུས་དངུལ་ཀྲམ་༧༠༠ ལས་༡༠༠༠ གུ་ ཡར་སེང་འབད་ཡོདཔ་ཨིན་པས།
ཤེས་རིག་གི་ ལམ་ལུགས་ལུ་ སློབ་དཔོན་དང་ སློབ་ཕྲུག་གི་བར་ནའི་ བྲེལ་ཟིང་ལུ་བརྟེན་པའི་ ཚ་གྱང་སྦོམ་ཤོས་དེ་ར་ སློབ་ཕྲུག་ཚུ་གི་གཟུགས་ཁམས་སྒྲིང་སྒྲིང་ ག་དེ་སྦེ་ བཞག་ཚུགས་ནི་ཨིན་ན་དང་འབྲེལ་ སློབ་དཔོན་ཚུ་གི་ གནས་སྟངས་སྐོར་ལས་ ལམ་ལུགས་གསརཔ་བཟོ་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ཚུ་ ཁྲོམ་སྡེའི་ སློབ་གྲྭ་ཚུ་ནང་ བྱུང་ཡོདཔ་ཨིན་པས།
ཤེས་རིག་གི་ སྤུས་ཚད་མར་ཉམས་སོང་རུང་ ལོ་ངོ་༡༠༠ གི་ཧེ་མ་ལས་ རྒྱལ་ཁབ་ནང་ ཤེས་རིག་གཞི་བཙུགས་འབད་ནི་དེ་གིས་ དཀའ་ངལ་དང་གདོང་ལེན་ ག་ཅི་བཟུམ་བྱུང་རུང་ འཚེར་སྣང་མེདཔ་སྦེ་ དུས་སྟོན་དེ་ ལེགས་ཤོམ་སྦེ་ར་ བརྩི་སྲུང་ཞུ་ཡོད་པའི་གནས་ཚུལ།

No comments:

Post a Comment