གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་ཚུན་ ནགས་ཚལ་ཨེ་ཀར་༢༥ དེ་ཅིག་ མེ་གིས་འཚིགས་ཡོདཔ།

༡/༢/༢༠༡༣   ༉ སྤྱི་ཟླ་༡ པའི་ ཚེས་༢༨ ལས་ འགོ་བཙུགས་ བུམ་ཐང་ཐར་པ་གླིང་དགོན་པའི་ ས་ཁོངས་ནང་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ཁ་ཙ་ བསད་ཚུགས་ཡོདཔ་ཨིན་པས།
བུམ་ཐང་གི་ ལུང་ཕྱོགས་ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ དོན་གྲུབ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནགས་ཚལ་མེ་རྐྱེན་དེ་ ཐར་པ་གླིང་དགོན་པའི་ ལྟག་ལུ་ཡོད་མི་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ སྐུ་འདྲ་ཡོད་སའི་ ཉེ་འདབས་ལས་ འབར་ནུག་ཟེར་ཨིནམ་ད་ དེ་ཡང་ སྐུ་འདྲ་མཇལ་བར་འགྱོ་མི་ཚུ་གིས་ སྤོས་བཏེགས་བཞག་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།

ཐར་པ་གླིང་དགོན་པའི་ ས་ཁོངས་ནང་ལས་ ནགས་ཚལ་མེ་རྐྱེན་ཤོར་བའི་བསྒང་།


ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་བྱུང་བའི་ ཉིནམ་དང་པམ་ནང་ ནགས་ཚལ་ལས་བྱེདཔ་དང་ ཨོ་རྒྱན་དབང་ཕྱུག་རང་བཞིན་ཉམས་སྲུང་སྤེལ་ཁང་གི་ སྦྱོང་བརྡར་བ་ཚུ་གིས་ བསད་ཡོདཔ་ཨིན་རུང་ ཕྱི་རུ་ཁམས་ཅིག་ལས་ ད་རུང་ མེ་འབར་ཡོདཔ་ལས་ བསད་ཡི་ཟེར་ཨིན་པས།
ཨིན་རུང་ མེ་རྐྱེན་དེ་ ལ་ཁར་བྱུང་ནི་དེ་གིས་ རླུང་ཤུགས་འཕུ་མི་ལུ་བརྟེན་ ཁ་ཙ་ཕྱི་རུ་ ལོག་འབར་ནི་ འགོ་བཙུགས་ཡོདཔ་ལས་ མི་༡༥༠ དེ་ཅིག་གིས་ བསད་དགོཔ་བྱུང་ཡོདཔ་ཨིན་པས།
ཉིནམ་དང་པའི་ནང་ སྤང་ཨེ་ཀར་དག་པ་ཅིག་ འཚིགས་ཡོདཔ་ཨིན་རུང་ ཤུལ་ལས་ ལོག་འབར་མི་དེ་གིས་ ཁ་ཙ་ཚུན་འབདཝ་ད་ སྤང་ཨེ་ཀར་༢༥ དེ་ཅིག་ འཚིགས་སོ་ནུག་ཟེར་ཨིནམ་ད་ ནགས་མེ་དེ་ ད་ལྟོ་ ཤིང་སྟུག་དྲགས་སྦེ་ ཡོད་སའི་ས་ཁོངས་ནང་ མ་ལྷོད་པས་ཟེར་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ནགས་མེ་དེ་ ད་རུང་ ལོག་འབར་བ་ཅིན་ ཆོས་བྲག་དགོན་པ་དང་ ཛམ་བྷ་ལྷ་ ལྷ་ཁང་ཚུ་ལུ་ གནོད་སྐྱོན་བྱུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ནགས་ཚལ་མེ་རྐྱེན་བྱུང་མིའི་གནད་དོན་ནང་ ད་ལྟོ་ དོགས་ཅན་ག་ཡང་ བདའ་མ་ཟུན་པར་ཡོདཔ་ད་ མེ་རྐྱེན་དེ་ དུས་ཅི་ བུམ་ཐང་རྫོང་ཁག་ནང་ འགོ་དང་པ་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment