གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་དང་ འགོ་དཔོན་ཚུ་གིས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་རག་རོ་ཚུ་ ག་ལྷོད་བཀོག་མ་བཀོག་གི་ བརྟག་ཞིབ་འབད་བའི་བསྒང་།

ཡུ་ཨེསི་ཨེ་ལས་ འགྲེམ་ཐོག་ཚོགས་རྒྱན་བསྐྱལ་ནིའི་ཕན་ཁྱད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་རིམ་ནང་ འཛམ་གླིང་ནང་འཁོད་ལུ་སྡོད་མི་ འབྲུག་མི་གང་མང་ལུ་ འབྲེལ་གཏོགས་འབད་བཅུག་ནི་གི་ ཐབས་ཤེས་བཏོན་པའི་བསྒང་ཡོད་མི་དེ་ ཟད་འགྲོ་ཚུ་ལུ་བརྟེན་ དོན་སྨིན་ཅན་ཅིག་ འབྱུང་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།

སྲས་ཕུག་ དར་གླིང་གཡུས་ཚན་ནང་ མེ་རྐྱེན་བྱུང་མི་ཁྱིམ་ལུ་ གྲོགས་རམ་མ་ཐོབ་པར་ཡོདཔ།

 ཟླ་༤ པའི་ཚེས་༢༡

༉ སྤྱི་ཟླ་༤ པའི་ཚེས་༡༩ གི་ཉིན་མར་ ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ ད་གླིང་གཡུས་ཚན་ནང་ ཁྱིམ་ཅིག་ལུ་ མེ་རྐྱེན་ཤོར་ཡོདཔ་ཨིན་རུང་ ད་ལྟོ་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ རྫོང་ཁག་དང་ རྒེད་འོག་གི་ ཁ་ཐུག་ལས་ རྒྱབ་སྐྱོར་ མ་ཐོབ་པར་ཡོདཔ་ཨིན་པས།

ཆང་གིས་ན་མི་ནདཔ་ཚུ་ སྨན་བཅོས་འབདཝ་ད་ ཟད་འགྲོ་སྦོམ་གནས་དོ་ཡོདཔ།

ཟླ་༤ པའི་ཚེས་༢༡

ཆང་རིགས་སྣ་ཚོགས་བཙོང་མི་ཆང་ཁང་།
༉ རྒྱལ་ཁབ་ནང་ ཆང་ལུ་བརྟེན་པའི་ནད་གཞི་ ཐོབ་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ ལོ་རེ་ནང་ ཆང་དང་འབྲེལ་བའི་ནདཔ་ སྨན་བཅོས་འབད་མི་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༣ དེ་ཅིག་བཏང་མི་དེ་ རྒྱལ་ཁབ་ཀྱི་ ཟད་འགྲོ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས། 

ཤར་ཕྱོགས་ལུ་ གཞུང་ལམ་བསུབས་ཡོདཔ།


ཟླ་༤ པའི་ཚེས་༢༡


༉ སྤྱི་ཟླ་༤ པའི་ཚེས་༡༩ འི་ནུབ་མོར་ བཀྲིས་སྒང་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ས་རུད་ཆད་དེ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ལས་ འགྲུལ་འཁོར་ལམ་ བསུབས་ཡོདཔ་ཨིན་པས།
ས་རུད་དེ་ཡང་ བཀྲིས་གཡང་རྩེ་ལས་ མོང་སྒར་དང་ བཀྲིས་སྒང་འགྱོ་སའི་གཞུང་གྱི་ས་གནས་ ལྕགས་ཟམ་ལུ་ ཆད་ཡོདཔ་བཞིན་དུ་ ཁ་ཙ་ ལམ་དེ་བརྒྱུད་དེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་༥༠ དེ་ཅིག་ཐོགས་ལུས་ཡོདཔ་ཨིན་པས།


དཔེ་དེབ་འགྲེམས་སྟོན་ནང་ལས་ ཉེ་བར་མཁོ་བའི་ དཔེ་དེབ་ཚུ་ཉོ་ཡི་ག?

ཟླ་༤ པའི་ཚེས་༢༡

སློབ་ཕྲུག་ཚུ་གིས་ དཔེ་དེབ་འགྲེམས་སྟོན་ནང་ ལྟ་བའི་བསྒང་།
༉ རྒྱལ་ཡོངས་དཔེ་དེབ་འགྲེམས་སྟོན་ ཐེངས་༥ པ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ དེ་ནང་ ཤར་ཕྱོགས་རྫོང་ཁག་༦ དང་ བུམ་ཐང་རྫོང་ཁག་ནང་ལས་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་དང་ དཔེ་གཉེར་པ་ཚུ་གིས་ རང་སོའི་ དཔེ་མཛོད་ཚུ་གི་དོན་ལུ་ དཔེ་དེབ་ཚུ་ཉོ་དོ་ཡོདཔ་ཨིན་པས།

མོང་སྒར་ལུ་ སྐྱ་ནམ་གོང་ཚད་ ཡར་སེང་སོང་ཡོདཔ།

ཟླ་༤ པའི་ཚེས་༢༡

༉ འདས་པའི་ཟླཝ་ལས་ཚུར་ རྒྱལ་ཁབ་ནང་ རྒྱ་གར་གྱི་རུ་པིའི་དཀའ་ངལ་ལུ་བརྟེན་ ཤར་ཕྱོགས་ མོང་སྒར་རྫོང་ཁག་ཁྲོམ་དང་ ཉེ་འདབས་ཀྱི་ ཚོང་ཁང་ཚུ་ནང་ སྐྱ་རྣམ་གྱི་གོང་ཚད་ ཡར་སེང་དུམ་གྲ་རེ་སོང་བའི་ཁར་ དགོས་མཁོ་ཅན་གྱི་ ཅ་ཆས་ལ་ལུ་ཅིག་ ཐོབ་མི་ཚུགསཔ་ཨིན་པས།

འགྲུལ་འཁོར་བཱསི་གི་ དོས་གླའི་ཚད་གཞི་ བཟོ་ཡོདཔ།

ཟླ་༤ པའི་ཚེས་༢༡

༉ འདས་པའི་བདུན་ཕྲག་ནས་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་འགྲུལ་འཁོར་བཱསི་ནང་ འགྲུལ་བསྐྱོད་འབད་མིའི་ ཁུར་ཆའི་རིགས་འབག་འགྱོཝ་ད་ དེ་གི་གླ་འཐུས་ཚུ་ ཚད་སྙོམས་ གཏན་འཁེལ་བཟོ་ཡོདཔ་ཨིན་པས།

རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་མི་དེ་ རྒྱལ་སྤྱིའི་ གནས་ཚད་ནང་ ངོས་འཛིན་འབྱུང་ནི།

ཟླ་༤ པའི་ཚེས་༢༡

༉ དུས་ཅི་ སྤྱི་ཟླ་༦ པའི་ནང་ བཱ་ར་ཟིལ་ རྒྱལ་ཁབ་ཀྱི་ རྒྱལ་ས་ རཱི་བོ་ལུ་ རང་བཞིན་གནས་སྟངས་ཡུན་བརྟན་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་གིས་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་མིའི་ ཁེ་ཕན་ཐོབ་བྱེད་བཀོད་ནི་ལུ་ ཤུགས་བཏོན་ནི་ཨིན་མི་ དེ་ཡང་ དུས་ཅིའི་ཞལ་འཛོམས་ཀྱི་ བརྗོད་དོན་དེ་ རང་བཞིན་ཐོན་སྐྱེད་ ཡུན་བརྟན་གནས་ཐབས་ཀྱི་བརྗོད་དོན་ཐོག་ གསུང་གྲོས་གནང་ནི་ཨིནམ་ལས་ ཞལ་འཛོམས་དེ་ རང་བཞིན་གནས་སྟངས་ལུ་གཙོ་བོར་ བཏོན་ནི་ཨིན་པས།

ལྕང་ཟམ་ཏོག་སྡེ་ཚན་གྱིས་ ཨི་སི་ཨར་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ཡོདཔ།

ཟླ་༤ པའི་ཚེས་༢༡

ལྕང་ཟམ་ཏོག་སྡེ་ཚན་གྱིས་ ཨི་སི་ཨར་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།
༉ ལྕང་ཇི་ཇི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྐྱེས་ལོ་༡༣ མན་ཆད་ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ ཁ་ཙ་ དབྱེ་ཁ་ཀ་པའི་ནང་ ལྕང་ཟམ་ཏོག་སྡེ་ཚན་དང་ ཨི་སི་ཨར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ལྕང་ཟམ་ཏོ་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

མཛེ་ནད་ཐོབ་མི་གསརཔ་ཅིག་ ངོས་འཛིན་འབད་ཡོདཔ།


ཟླ་༤་པའི་ཚེས་༢༡


༉ ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་ནང་ མཛེ་ནད་ཐོབ་མི་གསརཔ་ཅིག་ ངོས་འཛིན་འབད་ནུག།
དེ་ཡང་ མཁོ་ཐག་པ་སློབ་གྲྭ་ཆུང་བའི་ སློབ་རིམ་༢ པའི་སློབ་ཕྲུག་ སྐྱེས་ལོ་༨ ལང་མི་བུཚ་༡ ཅིག་ རི་སེར་པོ་སྨན་ཁང་ནང་ བརྟག་དཔྱད་འབདཝ་ད་ མཛེ་ནད་ཐོབ་ཡོད་པའི་ ངོས་འཛིན་འབད་ནི་དེ་གིས་ ད་ལྟོ་ པདྨ་དགའ་ཚལ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།


སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་ ས་འོག་ཆུ་ལམ་ ཁག་༢ མཐུད་སྦྲེལ་འབད་ཡོདཔ།

བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ ས་འོག་ཆུ་ལམ་ ཁག་༢ མཐུད་སྦྲེལ་འབད་བའི་ རྟེན་འབྲེལ་བརྩི་སྲུང་གི་ གས་རྫས་བཀལ་ནིའི་དོན་ལུ་ ཨེབ་རྟ་ཨེབ་པའི་བསྒང་།
༉ ཁ་ཙ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་ ས་འོག་ཆུ་ལམ་ ཁག་༢ འབད་བསལ་མི་དེ་ གས་རྫས་བཀལ་ཐོག་ལས་ མཐུད་སྦྲེལ་འབད་བའི་་ རྟེན་འབྲེལ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཉེན་སྲུང་གི་ཞྭམོ་དང་ རྣམ་ཅོག་ཚུ་བསུབ་སྟེ་ ས་དོང་ནང་ འཛུལ་ཡོདཔ་ཨིན་རུང་ གས་རྫས་ཀྱི་སྐད་དང་ རླུང་ཤུགས་འཕུ་མི་ལུ་བརྟེན་ འཇིགས་སྣང་སྦོམ་སྦེ་ར་ལང་ཡི།

དར་དཀར་ཆུ་ གློག་མེ་ལས་འགུལ་ མཇུག་བསྡུའི་ དུས་ཚོད་ཕྱིར་འགྱངས།

ཕྱིར་འགྱངས་འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ།
༉ གློག་ཤུགས་མེ་ག་ཝཱཊ་༡༢༦ འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ བཟོ་སྐྲུན་ལཱ་མཇུག་བསྡུའི་ དུས་ཚོད་དེ་ ཟླཝ་དག་པ་ཅིག་ ཕྱིར་འགྱངས་འབད་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུ་ཨོ་ལ་ཁ་ལུ་ མགྱོགས་ལམ་ཁར་ སྣུམ་འཁོར་སཱན་ཏ་ཕི་ཅིག་ འཁོར་ལམ་གྱི་ཟུར་རྩིག་གུ་ཕོག་སྟེ་ གདོང་ཁའི་འཁོར་ལོ་གི་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་བའི་མཐོང་སྣང་།

འབྲུག་ཡུལ་གྱི་དྲག་ཤོས་ སྤྱི་ཟླ་༥ པ་ལས་ འགོ་བཙུག་ནི།

༉ འབྲུག་ཡུལ་གྱི་དྲག་ཤོས་ཟེར་མི་ གསུང་སྐད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ལས་ འགོ་བཙུག་ནི་ཨིན་པས།

ངོས་ལེན་གྱི་རྒྱབ་སྐྱོར་ལེགས་ཤོམ་ཨིན་པའི་ངོས་འཛིན།

༉ འབྲུག་རྒྱལ་ཁབ་ནང་ ཆང་ལག་ལེན་དང་འབྲེལ་བའི་ གནོད་ཉེན་མར་ཕབ་ཀྱི་ གྲོས་བསྡུར་ཞལ་འཛོམས་ནང་ བསྟན་སྲུང་དྲག་པོའི་ཕན་བདེ་ལས་འགུལ་གྱིས་ འབྲེལ་གཏོགས་འབད་མི་དེ་ དམིགས་ཡུལ་འགྲུབ་ནིའི་ནང་ ངོས་ལེན་རྒྱབ་སྐྱོར་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༤ པའི་ཚེས་༡༧ ལུ་ ཨ་མི་རི་ཀའི་ མ་འུནཊི་ ཧཱོལ་ཡོག་མཐོ་རིམ་སློབ་གྲྭ་གིས་ འབྲུག་ཨ་ནེམོ་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཌོག་ཊར་ བཀྲིས་བཟང་མོ་ལུ་ མེ་རི་ ལི་ཡཱོན་གཟེངས་ཐོན་རྟགས་མ་ བྱིན་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ མོ་གིས་ འབྲུག་ཨ་ནེམོ་གཞི་ཚོགས་བརྒྱུད་དེ་ འབྲུག་ལུ་ ཨམ་སྲུ་དང་ བུམོ་ཚུ་གི་ མི་ཚེའི་གནས་སྟངས་ ལེགས་བཅོས་འབད་ནིའི་དོན་ལུ་ བརྩོན་ཤུགས་སྦོམ་བསྐྱེད་པའི་ ངོས་འཛིན་ལུ་ཨིན་པའི་གནས་ཚུལ།