གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ལྟ་བཤལ་དཔྱད་ཡིག་ ཆ་འཇོག་འགྲུབ་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ།

༣༡/༡/༢༠༡༣  ༉ འབྲུག་གི་ལྟ་བཤལ་དཔྱད་ཡིག་དེ་ ཤུལ་མའི་ གཞུང་འཚོགས་ཞིནམ་ལས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ སྤྱི་ཚོགས་འཚོགས་པའི་སྐབས་ གྲོས་བསྡུར་འབད་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ མདོ་ཆེན་ངོ་ཚབ་ ཀུན་ལེགས་དབང་འདུས་ཀྱིས་ བཤད་མི་དང་འཁྲིལ་བ་ཅིན་ དཔྱད་ཡིག་གི་ ཟིན་བྲིས་བཀོད་ནི་ལུ་ དུས་ཚོད་འགོར་མི་དེ་ཡང་ གྲོས་བསྡུར་ཚུ་ མཐིལ་ཕྱིན་འབད་དགོཔ་བྱུང་བའི་ཁར་ འཕྲལ་འཕྲལ་སྦེ་ར་ བསྒྱུར་བཅོས་ཚུ་འབདཝ་མ་ཚད་ འབྲེལ་བ་ཡོད་མི་ལས་སྡེ་ ལེ་ཤ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།



དཔྱད་ཡིག་ནང་ བཀོད་མི་དང་འཁྲིལ་བ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་དེ་ རང་དབང་ཅན་གྱི་ དབང་འཛིན་ཅིག་སྦེ་ ལཱ་འབད་ནི་ཨིནམ་མ་ཚད་ ལྟ་བཤལ་དང་འབྲེལ་བ་ཡོད་མི་ལཱ་ཚུ་ག་ར་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཐག་བཅད་ནི་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ མཛད་ནི་ཨིནམ་ད་ འཐུས་མི་གཞན་༨ པོ་དེ་ ཁྲི་འཛིན་གྱིས་ བསྐོ་བཞག་འབད་ནི་ཨིནམ་བཞིན་དུ་ བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ ལོ་ལྔའི་རིང་ ཡིག་ཚང་གི་ བདག་དབང་བཟུང་སྟེ་ ལཱ་འབད་ནི་ཨིན་པས།
ཚོགས་སྡེ་གིས་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ལུ་ གཞི་བཞག་སྟེ་ རྒྱལ་ཡོངས་ལྟ་བཤལ་ ཡར་དྲག་གཏང་ནི་ཨིན་ཟེར་ཨིན་པས།
དཔྱད་ཡིག་ནང་ བཀོད་མི་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ལྟ་བཤལ་པའི་ ས་ཁོངས་དྲག་ཤོས་ཅིག་སྦེ་ བཟོ་ནི་ཨིནམ་མ་ཚད་ དེ་གིས་ རྒྱལ་ཁབ་ཀྱི་ ལམ་ལུགས་སྲོལ་ཚུ་ མི་ཉམས་གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
སྒེར་སྡེ་དང་ མི་སེར་གྱི་ མཉམ་འབྲེལ་གོང་འཕེལ་གཏང་ཐབས་ལུ་ ཚོགས་སྡེ་གིས་ ལྟ་བཤལ་གོང་འཕེལ་ལས་རིམ་ཚུ་ཡང་ གཞི་བཙུགས་འབད་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་ གཞི་བཙུགས་འབད་ནི་ཟེར་མི་དེ་ ད་ལྟོ་ལས་ར་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ དེ་གིས་ ལྟ་བཤལ་པའི་སྲིད་བྱུས་ཚུ་ གསར་བཙུགས་དང་ ལྟ་རྟོག་ཚུ་འབད་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གིས་ རྫོང་ཁག་ཚུ་ནང་ ལྟ་བཤལ་འགོ་དཔོན་ཚུ་ དགོཔ་འཐོན་པ་ཅིན་ ལྟ་བཤལ་འགོ་དཔོན་ཚུ་ གསར་བསྐོ་འབད་ནིའི་ དབང་ཚད་ཡོད་ཟེར་ཨིནམ་ད་ དེ་གིས་ ལྟ་བཤལ་གྱི་ ལྟ་རྟོག་པ་ཚུ་ཡང་ བསྐོ་བཞག་འབད་འོང་ཟེར་ཨིན་པས།
ད་ལྟོ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རང་སྐྱོང་ལས་འཛིན་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ དངུལ་འབྲེལ་གྱི་ཐད་ཁར་ གཞུང་ལུ་ བརྟེན་དགོཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ བཅའ་ཁྲིམས་ཆ་འཇོག་འབད་ཞིནམ་ལས་ རང་དབང་གི་ཐོག་ལུ་ ལཱ་འབད་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།






No comments:

Post a Comment