གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་འཛུགས་འབད་མི་དང་བསྟུན་ ཁུངས་བཀལ་དགོ་པའི་ཞུ་བ།

༣༡/༡/༢༠༡༣   ༉ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གི་ བརྒལ་ལན་སྙན་གསན་ཐེངས་༣ པ་དེ་ མོང་སྒར་རྫོང་ཁག་གི་ ཁྲིམས་འདུན་ནང་ ཁ་ཙ་མཛད་གནང་ཡི།


ཉེས་འཛུགས་ཅན་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ ཁྲིམས་འདུན་ལུ་ གསལ་ཞུ་འབད་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེ་ལུ་ ཉེས་རྩོད་ཀྱི་ཉེས་པ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པའི་ཉེས་འཛུགས་འབད་མི་དེ་ རྩ་ལས་ར་ མི་བཏུབ་པས་ཟེར་ཨིནམ་ད་ དེ་ཡང་ བློན་པོ་གིས་ ཁྲིམས་ག་ཅི་དང་མ་འཁྲིལ་བར་ དབང་ཚད་ལོག་སྤྱོད་ ག་དེ་སྦེ་ འབད་ཡོདཔ་ཨིན་ན་ ཁུངས་བཀལ་དགོ་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ སྤྱི་ལོ་༡༩༨༧ ལུ་ བཀའ་རྒྱ་ནང་ གཞུང་ངམ་ འབྲེལ་ཡོད་ལྷན་ཁག་གིས་ བྱ་སྒོའི་ལམ་ལུགས་ཅིག་ནང་ རྫོང་ཁག་ཁྲོམ་སྡེ་ཆ་མཉམ་གྱིས་ ཁྲོམ་ས་བགོ་བཀྲམ་འབད་ཆོགཔ་སྦེ་ འདུག་ཟེར་ཨིནམ་ད་ ཆ་རྐྱེན་བཀའ་རྒྱ་དེ་ཡང་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ ཡི་གུ་དང་ ཞབས་ཏོག་ལྷན་ཁག་ལས་གནང་མི་ ཡི་གུ་དང་འཁྲིལ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་རུང་ ཁྲོམ་ས་བགོ་བཀྲམ་འབད་ནིའི་ དབང་ཚད་དེ་ ཁྲོམ་སྡེ་ཚོགས་ཆུང་ལུ་འདུག་ཟེར་ ཆ་གནས་འབད་མི་ལུ་ རྒྱབ་མི་གིས་འབད་བ་ཅིན་ ཉེས་འགལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པ་སྨིན་དགོཔ་ མིན་འདུག་ཟེར་ཨིནམ་ལས་ ཁྲིམས་འདུན་ལས་འབད་རུང་ དོན་ཚན་དེ་ ཆ་མེད་གནང་དགོ་ཟེར་ཨིན་པས།
དེ་མ་ཚད་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་༢ པོ་དེ་ གཞུང་གིས་ ངོས་འཛིན་ཡོད་པའི་ཆོས་སྡེ་ཅིག་ཨིནམ་ལས་ གྲྭ་ཚང་༢ ཀྱིས་ ཁྲོམ་སའི་ཐོབ་ལམ་མེད་པའི་སྐོར་ལས་ ཁྲིམས་ལུགས་ག་ཅི་ནང་ཡང་མེདཔ་ལས་ གནད་དོན་དེ་ ཁུངས་མིན་འདུག་ཟེར་ཨིན་པས།
བློན་པོ་གིས་ ཕྱག་ཡིག་བཀོད་དེ་ཡོད་པའི་ ཡིག་གུ་ཚུ་ཡང་ དོན་སྟོང་སྦེ་བཞག་དགོ་ཟེར་ཨིནམ་ད་ དེ་ཡང་ ཞལ་འཛོམས་ཀྱི་གྲོས་ཆོད་དེ་ལུ་ གཞི་བཞག་ནི་མ་གཏོགས་ བློན་པོ་གིས་བྲིས་མི་ ཡི་གུ་དེ་ལུ་ ཆ་གནས་འབད་བ་ཅིན་ ཞལ་འཛོམས་ཀྱི་གྲོད་ཆོད་ བཏོན་མི་དགོ་པས་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་ ས་ཆ་ཐེངས་༣ བགོ་བཀྲམ་འབད་མི་ཚུ་ཡང་ གཞུང་གི་ལམ་ལུགས་ལུ་གནས་ཐོག་ལས་ བགོ་བཀྲམ་འབད་ནུག་ཟེར་ཨིནམ་ད་ རྒྱབ་མི་གིས་འབད་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པའི་ ཉེས་ཁྲིམས་སྨིན་དགོ་པ་ཅིན་ དབང་ཚད་ལོག་སྤྱོད་འབད་དགོཔ་ལས་ ཁྲོམ་སྡེའི་ས་ཆ་བགོ་བཀྲམ་འབད་ནི་དེ་ ཚོགས་ཆུང་ལུ་ དབང་ཚད་ཡོདཔ་ལས་ ཁྲིམས་འགལ་ཐོག་ ཤེས་ཅི་མཐོང་ཅི་ར་ ལཱ་ག་ཅི་འབད་ནུག་ག་ ཁུངས་བཀལ་དགོ་ཟེར་ཨིན་པས།
རྒྱབ་མི་གིས་ ཞུ་མིའི་ནང་ རྒྱལ་པོའི་ཞིང་གི་ས་ཆ་དེ་ གཞུང་གིས་བཞེས་ཞིནམ་ལས་ མི་སེར་ཚུ་ལུ་ ས་ཚབ་དང་ ས་རིན་ཚུ་སྤྲོད་ཡོདཔ་ལས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ འབྲས་སྤུངས་ཀྱི་ མི་སེར་ས་ཆ་ཤོར་མི་ཚུ་གིས་ ཁྲོམ་སྡེ་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཁོང་ ས་ཆ་ཤོར་མི་ཚུ་ཡང་ སྡོད་ས་རྒྱལ་པོའི་ཞིང་ལུ་མེནམ་ལས་ འཐོབ་ལམ་མི་འོང་ཟེར་ཨིན་པས།
ཁོ་གིས་ཞུ་མིའི་ནང་ དགོས་མཁོ་དང་འཁྲིལ་ཏེ་ གཞུང་ཞབས་ཀྱིས་ འཆར་གཞི་༨ པ་ལས་ཚུར་ རྫོང་ཁག་ཆ་མཉམ་ནང་ ཁྲོམ་སྡེ་གཞི་བཙུགས་འབད་དེ་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་ཀྱི་ དོན་ཚན་༦༣ པ་དང་འཁྲིལ་རུང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དེ་ གཞུང་གིས་ འཆར་གཞི་བཟོ་ཐོག་ལས་ བཀའ་རྒྱ་དང་ ལམ་སྟོན་གནང་མི་ཚུ་ལས་ རྩ་ལས་མ་འགལ་བར་ བགོ་བཀྲམ་འབད་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པའི་ ཉེས་ཁྲིམས་སྨིན་དགོཔ་ཅིག་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment