གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུཚ་ཅིག་ལུ་ དབང་བཙོང་ལུས་འབྲེལ་གྱི་ཉེས་འཛུགས།

༡༩/༡/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ གི་ནུབ་མོར་ སྐྱེས་ལོ་༡༨ ལང་མི་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ལས་རོགས་དེ་གིས་ སྐྱེས་ལོ་༡༦ ལང་མི་ བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ཡོདཔ་ལས་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཀྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བསྐྱལ་ཡོདཔ་ཨིན་པས།


དེ་ཡང་ དགེ་ལེགས་ཕུག་གི་ སློབ་གྲྭ་ཅིག་ནང་ སློབ་རིམ་༩ པའི་ སློབ་ཕྲུག་བུམོ་དང་ མོ་རའི་ཆ་རོགས་ཅིག་གིས་ སྤྱི་ཟླ་༡ པའི་ཚེས་༢ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ལས་ དེ་གི་ནངས་པར་ དབང་བཙོང་ལུས་འབྲེལ་འབད་བའི་ ཁ་ཉེས་ཕོག་མི་བུཚ་དེ་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉོགས་བཤད་བཀོད་མི་དང་འཁྲིལ་ བུམོ་དེ་ བརྟག་དཔྱད་འབད་བར་ སྨན་ཁང་ནང་བཏངམ་ད་ ཕྱི་གཟུགས་ཁར་ རྨ་བཏོན་ཤུལ་མེད་རུང་ འདོད་སྤྱོད་འབད་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ཁ་ཉེས་ཕོག་མི་དེ་གིས་ མོས་མཐུན་ཐོག་ ལུས་འབྲེལ་འབད་ཡོདཔ་སྦེ་ སླབ་ཨིན་རུང་ ཉམས་རྒུདཔ་བུམོ་དེ་གིས་འབད་བ་ཅིན་ དབང་བཙོང་འདོད་སྤྱོད་འབད་ཡི་ཟེར་ཨིན་པས།
མ་གཞི་ བུཚ་དེ་གིས་ བུམོ་དག་གཅིག་ཁར་ ཉལ་ཡོད་པའི་ རྫུན་ཁ་བཟེད་ཡོད་རུང་ དེ་ཚེ་ནུབ་མོར་ ཁོང་གཉིས་ཆ་ར་ ཆང་འཐུང་མི་ལུ་བརྟེན་ བྱ་ངན་འབད་ཡར་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོད་པའི་ ལོ་རྒྱུས་ཨིན་པའི་གནས་ཚུལ།

No comments:

Post a Comment