གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ འོས་འབབ་ཡོད་མི་ མང་ཤོས་ཅིག་གིས་ ཐོ་བཀོད་འབད་ཡོདཔ།

༢༩/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༢༥ གི་ནང་འཁོད་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་དགོཔ་ཨིན་པའི་ དུས་ཡུན་ཚང་ཡོདཔ་བཞིན་དུ་ ལས་ཁུངས་དང་ ལས་སྡེ་མང་ཤོས་ཅིག་གིས་ར་ ཁོང་རའི་ཐོ་བཀོད་ཚུ་ ཡོངས་འབྲེལ་ཐོག་ལས་ བཏང་ཡོད་རུང་ ལ་ལུ་ཅིག་གིས་ ཐོ་བཀོད་ཤོག་བྱང་ནང་མིན་པར་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་ཤོག་བྱང་དེ་ བཀང་ཞིནམ་ལས་ བཏང་ཡོདཔ་ཨིན་པས།


འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ དང་པ་ར་ རང་སོའི་ལས་ཁུངས་དང་ ལས་སྡེ་ཁག་གི་ བདག་སྐྱོང་གིས་ འོས་འབབ་ཅན་གྱི་འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་ཡོད་མི་ཚུ་ ཐོ་བཀོད་འབད་ཞིནམ་ལས་ བཙག་འཐུ་ལྷན་ཚོགས་ལུ་ ཐོ་བཀོད་ཀྱི་དོན་ལུ་ གཏང་དགོཔ་ཨིན་པས།
དེ་ལས་ བཙག་འཐུའི་ཚེས་གྲངས་ གསལ་བསྒྲགས་འབད་ཞིནམ་ལས་ རང་སོའི་ ངོས་ལེན་འགོ་དཔོན་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཁོ་འདོད་བཀོད་ཐོག་ལས་ ཞུ་ཡིག་འབྲི་ཤོག་བཀང་སྟེ་ བཞག་དགོཔ་ཨིན་པས།
ཞུ་ཡིག་དེ་ དབྱེ་ཞིབ་སྐབས་ ཐོ་བཀོད་ཡོད་པའི་ཁར་ ཚུལ་མཐུན་ཐོག་ ཐོབ་ལམ་ཡོད་མི་ཨིན་པ་ཅིན་ ཞུ་ཡིག་ལུ་ ངོས་ལེན་འབད་དེ་ འགྲེམ་ཤོག་ཚོགས་རྒྱན་དེ་ ཞུ་ཡིག་ནང་བཀོད་མི་ ཁ་བྱང་ཐོག་ལུ་ ངོས་ལེན་འགོ་དཔོན་གྱིས་ གཏང་ནི་ཨིན་པས།
དེ་ལས་ ཚོགས་རྒྱན་དེ་ནང་ ཚུལ་མཐུན་བཀང་སྟེ་ ལོག་ངོས་ལེན་འགོ་དཔོན་ལུ་ གཏང་ཞིནམ་ལས་ ཚོགས་རྒྱན་བཙུགས་པའི་ཉིནམ་ལུ་ ཁ་ཕྱེ་སྟེ་ ཚོགས་རྒྱན་གྱི་གྲས་ཁར་ གྱངས་ཁ་རྐྱབ་ནི་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཐོབ་མིའི་ མིང་ཐོ་ཚུ་ ཚོགས་རྒྱན་བཙུགས་མིའི་ཐོ་དེབ་ནང་ལས་ བཏོག་གཏང་ནི་ཨིནམ་ལས་ ས་ཁོངས་ནང་ཚོགས་རྒྱན་བཙུགས་པར་ འགྱོ་མ་དགོཔ་མ་ཚད་ གལ་སྲིད་འགྱོ་རུང་ ཚོགས་རྒྱན་བཙུགས་མི་ཆོག་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།
དེ་འབདཝ་ད་ གལ་སྲིད་ཞུ་ཡིག་འབྲི་ཤོག་ནང་ ཚུལ་མཐུན་མེད་མི་དང་ ཡང་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་མེད་པ་ཅིན་ ཞུ་ཡིག་དེ་ ངོས་ལེན་མི་འབད་ནི་ཨིནམ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་ མི་ཐོབ་ནི་ཨིནམ་ད་ ཨིན་རུང་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཆོགཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐོ་བཀོད་གསལ་བསྒྲགས་འབད་མི་དང་བསྟུན་ ལས་ཁུངས་དང་ ལས་སྡེ་ཁག་ཚུ་གིས་ ཐོ་བཀོད་ཀྱི་དོན་ལུ་ འབྲི་ཤོག་ཚུ་ བཀང་ཐོག་ལས་བཏང་ཡོད་རུང་ ལེ་ཤ་ཅིག་གིས་ར་ ལམ་ལུགས་འཛོལ་ཏེ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་འབྲི་ཤོག་བཀང་ཐོག་ལས་ བཏང་ནུག་ཟེར་ཨིནམ་ད་ དེ་ལུ་ལྟ་བ་ཅིན་ ད་རུང་ ལེ་ཤ་ཅིག་གིས་ར་ ལམ་ལུགས་ཧ་མ་གོ་བའི་ གནད་དོན་ཡོདཔ་སྦེ་མཐོང་ཡི་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་ཡོད་མི་དེ་ ཞི་གཡོགཔ་ཚུ་དང་ དྲག་ཁག་གསུམ་གྱི་ དམག་མི་དང་འབྲེལ་བའི་ བཟའ་ཚང་འཐུས་མི་ཚུ་ དེ་ལས་ བཙོན་ཁང་ནང་གི་ བཙོན་པ་ཚུ་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་འཐོབ་ནི་ཨིན་རུང་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ གཞུང་མིན་ལས་ཚོགས་ཚུ་གི་ ལས་བྱེདཔ་ཚུ་འབད་བ་ཅིན་ གལ་གནད་ཅན་གྱི་ མི་མང་ཞབས་ཏོག་གྲུབ་མི་ དཔེ་འབད་བ་ཅིན་ གློག་མེ་དང་ རྒྱུན་འཕྲིན་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་མ་གཏོགས་ གཞན་འཛིན་སྐྱོང་ནང་ ལཱ་འབད་མི་ཚུ་ལུ་ གོ་སྐབས་མི་ཐོབ་ཟེར་ཨིན་པས།
སྤྱི་ཟླ་དང་པའི་ཚེས་༢༥ ཚུན་ ལས་ཁུངས་དང་ ལས་སྡེ་མང་ཤོས་ཅིག་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་སྦྱང་མི་ ལེ་ཤ་ཅིག་གིས་ ཐོ་བཀོད་འབྲི་ཤོག་ཚུ་བཀང་སྟེ་ ལྷོད་ཡོདཔ་ཨིན་རུང་ ད་རུང་ ལས་ཁུངས་དང་ ལས་སྡེ་ཁག་ཚུ་གིས་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ ཐོ་བཀོད་མ་འབད་བར་ ལུས་ཡོད་པ་ཅིན་ གནད་དོན་དབྱེ་ཞིབ་ཐོག་ ངོས་ལེན་འབད་འོང་ཟེར་ཨིན་པས།
ད་ལྟོ་ ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་ལྷོད་མི་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་ད་སྤྱི་ཟླ་༢ པའི་བདུན་ཕྲག་དང་པའི་མཇུག་ལུ་ ཐོ་ཡིག་ཚུ་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment