གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིད་འཛིན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༢༢/༡/༢༠༡༣   ༉ བདུན་ཕྲག་༡༥ འི་རིང་ རེས་གཟའ་ཟླཝ་ཨ་རྟག་ར་ ཕྱི་རུའི་ཆུ་ཚོད་༢ ལས་ རྩེད་འགྲན་འབད་མི་ ཀོ་ཀ་ཀོ་ལ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ ཡིད་འཛིན་སྡེ་ཚན་གྱིས་ སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ གཞན་མི་སྡེ་ཚན་༢ དང་ སྐུགས་འདྲན་འདྲ་ཐོབ་ཡོདཔ་ལས་ ལིག་སྐོར་ཐེངས་དང་པའི་ནང་ སྐུགས་མཐོ་ཤོས་ཐོབ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༢ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ འགོ་དང་པ་ འབྲུག་རྒྱལ་ཁབ་ནང་ ཀོ་ཀ་ཀོ་ལ་ཟེར་བའི་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ ལིག་གི་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༣ སྤྱི་ཟླ་དང་ པའི་ཚེས་༢༠ ཚུན་ རྩེད་འགྲན་འབད་བའི་ ལིག་སྐོར་ཐེངས་དང་པའི་ནང་ ཡིད་འཛིན་གྱིས་ ཨང་དང་པ་ཐོན་ནུག།
སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༢༠ རེས་གཟའ་ཟླཝ་ལུ་ བསམ་རྩེ་ཕུཊ་བཱོལ་རྩེད་ཐང་ནང་ལུ་སྦེ་ ཡིད་འཛིན་དང་ བསམ་རྩེ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ སྐུགས་༣ ཐོབ་མི་རྩིསཝ་ད་ ཡོངས་བསྡོམས་ སྐུགས་༡༡ ཐོབ་ཡོདཔ་ཨིན་པས།
སྤྱིར་བཏང་ ལིག་སྐོར་ཐེངས་༤ པ་ཚུན་ འབྲུག་པཱོལ་སྡེ་ཚན་གྱིས་ སྐུགས་༩ ཐོབ་པའི་སྐབས་ ཡིད་འཛིན་གྱིས་ སྐུགས་༨ ལས་ཐོབ་མ་ཚུགསཔ་ཨིན་རུང་ འབྲུག་པཱོལ་སྡེ་ཚན་དེ་ ད་རུང་ གཟིམ་སྒྲ་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཕམ་བཏང་ཡོདཔ་ཨིན་པས།
འབྲུག་པཱོལ་སྡེ་ཚན་གྱིས་ ལིག་སྐོར་༣ པ་ཚུན་ ཕུན་ཚོགས་གླིང་དང་ ཨྱོན་རིག་པའི་འབྱུང་གནས་ དེ་ལས་ བསམ་རྩེའི་ སྡེ་ཚན་༣ ཕམ་བཏང་ཡོདཔ་ཨིན་རུང་ ཡིད་འཛིན་དང་ གཟིམ་སྒྲ་སྡེ་ཚན་གཉིས་ཀྱིས་ འབྲུག་པཱོལ་སྡེ་ཚན་དེ་ཕམ་བཏང་ཡོདཔ་ལས་ ཡིད་འཛིན་གྱིས་ སྐུགས་ཐེབས་༢ ཐོབ་ཡོདཔ་ལས་ ཨང་༢ པ་ཐོན་ནུག།
སྐུགས་༨ ཐོབ་སྟེ་ དྲག་ཤོས་ཨང་༣ པ་དེ་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་གྱིས་ ཐོན་ཡོད་མི་དེ་ཡང་ སྡེ་ཚན་གྱིས་ གཟིམ་སྒྲ་དང་ བསམ་རྩེ་སྡེ་ཚན་༢ ལས་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ ཕུན་ཚོགས་གླིང་དང་ ཡིད་འཛིན་སྡེ་ཚན་༢ དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ཨིན་རུང་ འབྲུག་པཱོལ་སྡེ་ཚན་ལས་ ཕམ་སོཔ་ཨིན་པས།
དེ་བཟུམ་སྦེ་ གཟིམ་སྒྲ་གིས་ ལིག་སྐོར་ཐེངས་༥ པའི་ནང་ འབྲུག་པཱོལ་དང་ བསམ་རྩེ་སྡེ་ཚན་༢ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཡིད་འཛིན་དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ ཕུན་ཚོགས་གླིང་དང་  ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱིས་ ཕམ་བཏང་ཡོདཔ་ལས་ ཨང་༤ པའི་གྲངས་སུ་ཚུད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དང་ གཟིམ་སྒྲ་སྡེ་ཚན་གཉིས་ཀྱིས་ ལིག་སྐོར་ཐེངས་༥ པའི་ནང་ སྡེ་ཚན་༢ ལས་རྒྱལ་ཁ་དང་ སྡེ་ཚན་༢ དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགས་པར་འདྲན་འདྲ་ དེ་ལས་ སྡེ་ཚན་གཅིག་ལས་ ཕམ་ཡོད་རུང་ གཟིམ་སྒྲ་སྡེ་ཚན་གྱིས་ འོངས་བསྡོམས་ནང་་ གཱོལ་༢ ཀྱིས་ མཐོ་སུ་སྦེ་ཐོབ་ཡོདཔ་ལས་ ཨང་༥ པའི་ནང་ཚུད་ནུག།
ལིག་སྐོར་ཐེངས་༡ པའི་ནང་ བསམ་རྩེ་ཕུཊ་བཱོལ་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་༥ ལས་ ཕམ་སོཔ་ལས་ སྐུགས་གཅིག་ཡང་ ཐོབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ལིག་སྐོར་ཐེངས་༢ པ་དེ་ སྤྱི་ཟླ་༡ པའི་ཚེས་༢༧ རེས་གཟའ་ཟླཝ་ལས་ འགོ་བཙུགས་ རྩེད་འགྲན་འབད་ནི་ཨིན་མི་གིས་ སྤྱི་ཟླ་༢ པའི་ཚེས་༢༤ ཚུན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment