གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྲག་སྟེང་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༢༣/༡/༢༠༡༣   ༉ ཐར་པ་གླིང་གྲྭ་ཚང་གི་ དགེ་སློང་བགྲེསཔ་ཚུ་གིས་སྦེ་ ཆུ་སྨད་རྒེད་འོག་ནང་ འགོ་དང་པ་ ཀློང་ཆེན་མཐུན་འབྲེལ་ཚོགས་པ་ཟེར་ ལོ་བསྟར་བཞིན་དུ་ ཀུན་མཁྱེན་ཀློང་ཆེན་གྱི་རྗེས་དྲན་ལུ་ དུས་མཆོད་བཟུང་སྲོལ་ཡོད་མིའི་དོན་ལུ་ མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ཡོད་མི་དེ་ སྤྱི་ཟླ་དང་པའི་ཚེས་༢༡ ལུ་ མཐའ་བཅད་འགྲན་བསྡུར་འབད་ཡི།
མདའ་རྩེད་ནང་ལས་ ཨང་དང་པ་ཐོན་མི་ བྲག་སྟེང་སྡེ་ཚན་ཚུ།


རྩེད་འགྲན་དེ་ཡང་ ལིག་སྐོར་ཐེངས་དྲུག་ཅུ་དང་ ནོག་ཨའུཊི་སྐོར་ཐེངས་༢ རྐྱབ་པའི་ཤུལ་ལུ་ རྒྱལ་ཁ་ཐོབ་མི་ མེ་ཏོག་ཧོནམོ་དང་ བྲག་སྟེང་སྤུན་ལྔ་ དེ་ལས་ མཐུན་པ་ལྔའི་སྡེ་ཚན་གསུམ་གྱི་བར་ན་ རྩེད་འགྲན་འབད་ཡི།
ལིག་སྐོར་ཐེངས་སྐབས་ རྩེད་འགྲན་འབད་མི་ཚུ་གིས་ གཡང་འཕེལ་ལུགས་སྲོལ་ཐོག་ལུ་སྦེ་ སྐོར་ཐེངས་༢༠ རེ་ མདའ་རྩེད་འབད་ཡོདཔ་ཨིན་རུང་ མཐའ་བཅད་འགྲན་བསྡུར་སྐབས་ སྐོར་ཐེངས་༢༥ འི་ནང་ བྲག་སྟེང་སྤུན་ལྔ་སྡེ་ཚན་གྱིས་ སྐུགས་༤ ཆོད་དེ་ ཨང་དང་པ་ཐོན་པའི་ཁར་ གཞན་མི་སྡེ་ཚན་༢ ཀྱིས་ སྐུགས་གཅིག་ཡང་ཆོད་མ་ཚུགསཔ་ཨིན་པས།
དེ་འབདཝ་ལས་ ཨང་༢ པའི་དོན་ལུ་ སྡེ་ཚན་༢ ཀྱི་ མདའ་རྩེདཔ་རེ་གིས་ མདའ་ཡ་རེ་སྦེ་ པེ་ནཱལ་ཊི་ཤུཊ་ཨའུཊ་ཟེར་རྐྱབ་པའི་སྐབས་ མེ་ཏོག་ཧོནམོ་སྡེ་ཚན་ལས་ བཀྲ་ཤིས་བསྟན་འཛིན་གྱིས་ མདའ་ཡ་ཅིག་ཕོག་ཡོད་རུང་ ཁོ་གི་ཤུལ་ལས་རྐྱབ་མི་ མཐུན་པ་ལྔ་སྡེ་ཚན་ལས་ ངག་དབང་ཤེས་རབ་ཀྱིས་ཡང་ མདའ་ཡ་རྐྱབ་སྟེ་ རྒྱལ་ཁ་ཐོབ་ཡོད་མི་ལུ་བརྟེན་ ཨང་༢ པའི་གསོལ་རས་དེ་ མཐུན་པ་ལྔ་སྡེ་ཚན་གྱིས་ ཐོབ་ཅི།
ཨང་དང་པ་ཐོན་མི་སྡེ་ཚན་ལུ་ གུ་རུའི་སྐུ་དང་ ཨང་༢ པ་ལུ་ རྗེ་བཙུན་སྒྲོལ་མ་ དེ་ལས་ ཨང་༣ པ་ཐོན་མི་ལུ་ རྗེ་བཙུན་སྒྲོལ་མའི་སྐུ་རེ་ བྱིན་ཡོདཔ་ཨིན་པས།
ལིག་སྐོར་ཐེངས་༦༠ འི་ནང་ བཀག་རེག་མཐོ་ཤོས་དེ་ མེ་ཏོག་ཧོནམ་སྡེ་ཚན་ལས་ བཀྲ་ཤིས་བསྟན་འཛིན་གྱིས་ བཀག་རེག་༡༡ ཕོག་སྟེ་ བདའ་རྩེདཔ་དྲག་ཤོས་ཀྱི་ སྟོན་པའི་སྐུ་ཅིག་ཐོབ་ཡོདཔ་ད་ ལིག་སྐོར་ཐེངས་ནང་ ཉིནམ་ཅིག་གི་བཀག་རེག་མཐོ་ཤོས་དེ་ བྲག་སྟེང་སྤུན་ལྔ་ལས་ ཐོབ་ཡོདཔ་བཞིན་དུ་ དོ་སྦྱེལ་མཐོ་ཤོས་དེ་ ཀྲོང་གསར་ལས་འོང་མི་ བི་ཨོ་སི་སྡེ་ཚན་གྱི་ ཨོ་རྒྱན་གྱིས་ཐོབ་ཅི།
དེ་བཟུམ་སྦེ་ མཐའ་བཅད་འགྲན་བསྡུར་ནང་ བཀག་རེག་མཐོ་ཤོས་དེ་ བྲག་སྟེང་སྡེ་ཚན་ལས་ བཀྲ་ཤིས་ཀྱིས་ཕོག་ཡོདཔ་ལས་ ཆོས་པོ་ཏི་ཅིག་ཐོབ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་དང་པ་གསལ་བསྒྲགས་འབད་བའི་སྐབས་ གསོལ་རས་ཚུ་ ཊི་བི་བྱིན་ནི་སྦེ་ཡོདཔ་ཨིན་རུང་ ཤུལ་ལས་བསྒྱུར་བཅོས་འབད་དེ་ སྐུ་ནང་གཟུངས་ཕུལ་མི་ཚུ་ བྱིན་ཡི་ཟེར་ཨིན་པས།
ཚོགས་པ་གིས་ རྩེད་འགྲན་ལས་རིམ་འགོ་འདྲེན་འཐབ་མི་དེ་ཡང་ ཐར་པ་གླིང་ལུ་ དུས་ཚོད་འ་ནེམ་ཅིག་ཁར་ དགེ་སློང་ག་ཡང་བཞུགས་མི་མེདཔ་ལས་ དུས་མཆོད་བཟུང་མི་མེད་མི་ལུ་བརྟེན་ དགེ་བགྲེས་ཚུ་གིས་ སྐོར་རྒྱབ་ཐོག་ལས་ འགོ་འདྲེན་འཐབ་ཡོད་རུང་ མ་འོངས་ཡུན་བརྟན་གནས་ཐབས་ལུ་ ལས་རིམ་དེ་ འགོ་བཙུགས་ཡོདཔ་སྦེ་ བཤད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment