གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་སེར་སྦྱངམ་གི་ཚང་༡༠༠ དེ་ཅིག་ མོ་བཏབ་ཀྱི་དོན་ལས་ འབག་བསྐྱལ་ནི།

༢༡/༡/༢༠༡༣   ༉ བུམ་ཐང་ལུ་ཡོད་མི་ སེར་སྦྱངམ་གསོ་སྐྱོང་ཚོགས་པ་གིས་ སྤྱི་ཟླ་༤ པའི་ཟླ་མཇུག་ལས་ བུམ་ཐང་ལུ་ཡོད་མི་ སེར་སྦྱང་གི་ཚང་༡༠༠ དེ་ཅིག་ མོ་བཏབ་ཀྱི་དོན་ལུ་ ཧཱ་རྫོང་ཁག་ནང་ འབག་བསྐྱལ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
བུམ་ཐང་ལུང་གཤོང་ནང་མཐོང་མི་ སེར་སྦྱངམ་གི་ཚང་།


ཚོགས་པའི་ཁྲི་འཛིན་ ཊེག་བྷ་དུར་ ཕུ་ལ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སེར་སྦྱངམ་གི་ཚང་ཚུ་ཚོགས་པའི་འཐུས་མི་༣༤ ཡོད་མི་ནང་ལས་ གདམ་འཐུ་འབད་དེ་ འབག་ནི་ཨིནམ་བཞིན་དུ་ ཚང་ཚུ་ རྫོང་ཁག་ཁྲོམ་གྱི་ སྦོ་ལོགས་ཁར་ བཞག་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ འཆར་གཞི་དེ་ཡང་ མོ་བཏབ་ཀྱི་དོན་ལུ་ཨིནམ་ལས་ ཟླཝ་ཕྱེད་དང་༢ ཀྱི་རིང་བཞག་སྟེ་ ལོ་ཐོག་ཚུ་ མེ་ཏོག་ཤར་ཚར་བའི་ཤུལ་ལས་ ལོག་བུམ་ཐང་ལུ་ འབག་འོང་ཞིནམ་ལས་ སྦྲང་རྩི་བསྡུ་ནི་ཨིན་ཟེར་ཨིན་པས།
མོ་བཏབ་དེ་ ཧཱ་ལུ་ འབད་དགོ་མི་དེ་ཡང་ ཧཱ་རྫོང་ཁག་དེ་ བུམ་ཐང་རྫོང་ཁག་དང་ ཆ་འདྲ་སུ་སྦེ་ཡོད་པའི་ཁར་ བྱཱོ་འཛུགས་སྐྱོང་འབད་མི་ ཡོད་ནི་དེ་གིས་ཨིན་པས།
འཆར་གཞི་དེ་ ངོ་མ་ར་ སྦྲང་རྩི་ཐོན་སྐྱེད་འབད་ནིའི་དོན་ལུ་ཨིནམ་ལས་ རྫོང་ཁག་ནང་ གསོ་སྐྱོང་འགོ་བཙུགས་ནི་གི་ འཆར་གཞི་མེད་པའི་ཁར་ བུམ་ཐང་ལུ་ འཕྲུལ་ཁང་དང་ ཁང་མིག་ཚུ་ག་ར་ཡོདཔ་ལས་ སྦྲང་རྩི་དེ་ཡང་ བུམ་ཐང་ལུ་ ལོག་འབག་འོང་སྟེ་ བཏོན་ནི་ཨིན་པས།
སྦྲང་རྩི་དེ་ ལོ་༡ ནང་ ཐེངས་༢ རེ་ བཏོན་དོ་ཡོདཔ་ཨིན་རུང་ མོ་བཏབ་ཀྱི་དོན་ལུ་འབག་མི་ སེར་སྦྱངམ་ཚུ་ ཐེངས་དང་པའི་དོན་ལུ་རྐྱངམ་གཅིག་ འབག་བསྐྱལ་ནི་ཨིནམ་ད་ ཐེངས་༢ པའི་དོན་ལུ་ ཧེ་མ་ མོ་བཏབ་མ་འབད་རུང་ ཨུ་ར་རྒེད་འོག་ནང་ འབག་བསྐྱལ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སེར་སྦྱངམ་གི་ཚང་ཚུ་ ཧཱ་ལུ་འབག་སྐྱེལ་ནིའི་་དོན་ལུ་ སྣུམ་འཁོར་སྦོམ་དགོཔ་ལས་ ཚོགས་པ་གིས་ སོ་ནམ་ལྷན་ཁག་འོག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ མ་དངུལ་གྱི་གྲོགས་རམ་འབད་ནི་ལུ་ བསྒུག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ལས་ཁུངས་ཀྱི་ ཚོང་འབྲེལ་འགོ་དཔོན་གོངམ་ ཟླ་བ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་དེ་གིས་ འདས་པའི་ཟླཝ་ནང་ དགེ་ལེགས་ཕུག་ལུ་ སོ་ནམ་པའི་སྡེ་ཚན་ཚུ་དང་གཅིག་ཁར་ གྲོས་འཛོམས་འབད་བའི་སྐབས་ ལོ་རྒྱུས་ཐོན་ཡོདཔ་ཨིན་རུང་ ལས་ཁུངས་ཀྱིས་ དེ་འཕྲོ་ལས་ མ་དངུལ་གྱི་གྲོགས་རམ་བྱིན་ནི་གི་ འཆར་གཞི་མེད་ཟེར་ཨིན་མི་དེ་ཡང་ ཚོགས་པ་གིས་ སྐྱེལ་འདྲེན་འབད་མི་དེ་གིས་ ཚོང་འབྲེལ་ལུ་ གཙོ་རིམ་ག་བཟུམ་ ཁག་ཆེཝ་ཨིན་ན་དེ་ གལ་ཆེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱེལ་འདྲེན་དེ་ ཚོགས་པའི་ཚོང་འབྲེལ་གྱི་ གཙོ་རིམ་ངོ་མ་ཅིག་ཨིན་པ་ཅིན་ ཆ་རོགས་འབད་ཚུགས་ནི་འོང་ཟེར་ བཤད་ཡོད་རུང་ ཚོགས་པ་གིས་ ཡིག་ཐོག་ལུ་ ག་ནི་ཡང་ བཙུགས་ཏེ་མེདཔ་ལས་ སླབ་མི་ཤེས་ཟེར་ཨིན་པས།
ཚོགས་པ་གིས་ སྤྱི་ལོ་༢༠༠༦ ལུ་ སྦྱང་ཚང་༡༠ མོ་བཏབ་ཀྱི་དོན་ལུ་ ཧཱ་ལུ་༦ དང་ མགར་ས་ལུ་༢ དེ་ལས་ སྦྱིས་མི་ནང་ལུ་༢ འབག་བསྐྱལ་ཡོད་རུང་ ཧཱ་རྫོང་ཁག་ནང་ ཐོན་སྐྱེད་ལེགས་ཤོམ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ ཕུ་ལ་མི་གིས་བཤད་ཅི།
སྐྱེལ་འདྲེན་འབད་བའི་སྐབས་ དྲོ་པ་ཧ་སག་ལས་ སྦྱང་ཚང་ཚུ་སྒོ་བསྡམས་ཏེ་ སྣུམ་འཁོར་ནང་བཙུགས་པའི་ཤུལ་ལས་ ས་དྲོད་ནང་ལྷོདཔ་ད་ ཆུ་གཏོར་དགོཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།


No comments:

Post a Comment