གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞིས་གསར་ལས་འགུལ་མཐར་འཁྱོལ་བྱུང་མི་ལུ་ བཀའ་དྲིན་དགའ་ཚོར།

༢༤/༡/༢༠༡༣   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁྱི་ན་དྭངས་གཞིས་གསར་ནང་ གཟིགས་སྐོར་གནང་པའི་སྐབས་ མི་སེར་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་གི་བཀའ་དྲིན་ལུ་བརྟེན་ གཞིས་གསར་ལས་འགུལ་ མཐར་འཁྱོལ་བྱུང་ཚུགས་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
ཁྱི་ན་དྭངས་ཀྱི་ གཡུས་མི་ཚུ་གིས་ ཚོགས་ཆང་སྐབས་ བློན་ཆེན་མཆོག་ལུ་ ཕུལ་ནིའི་དོན་ལས་ ཁ་རང་དང་ སྒོང་རྡོག་ ཨོམ་ བ་དམ་ གུན་ཆ་ ཚལ་ལུ་ཚུ་ གྲ་སྒྲིག་འབད་བའི་བསྒང་།


ཁྱི་ན་དྭངས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ མི་དབང་མཆོག་གིས་ ཐུགས་བརྩེ་བའི་སྒོ་ལས་ གཞིས་གསར་དང་ ཁྱིམ་རྐྱབ་ནིའི་རྒྱུ་ཆས་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གནང་མི་དེ་ལུ་ བསམ་བརྗོད་ལས་འདས་པའི་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པས།
ད་ལྟོ་ བཟོ་བལ་རྒེད་འོག་ ཁྱི་ན་དྭངས་ལུ་ གཞིས་ཆགས་མི་ཚུ་ ཤུ་མར་དང་ ན་ནོང་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་ཨིན་པས།
མི་དབང་མཆོག་གིས་ གཞིས་གསར་ལས་འགུལ་གནང་མི་དེ་ཡང་ ཤུ་མར་དང་ ན་ནོང་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་ལུ་བརྟེན་ཏེ་ཨིན་པས།
ད་ལྟོ་ ཁྱི་ན་དྭངས་ལུ་ གཞིས་ཆགས་མི་ཚུ་ ཤུ་མར་རྒེད་འོག་གི་གཡུས་ཚན་ ཝ་ཕའི་ བའི་ན་འོང་ ནམ་མཁའ་རི་ ལྕོང་ཤིང་གི་ མི་སེར་ཚུ་དང་ ན་ནོང་རྒེག་འོག་གི་ བོར་ཁུ་གཡུས་ཚན་གྱི་ མི་སེར་ཚུ་ཨིན་པས།
ཝ་ཕའི་གཡུས་ཚན་ བའི་ན་འོང་ ནམ་མཁའ་རི་གཡུས་ཚན་ཚུ་ ན་ནོང་རྒེད་འོག་ ཚ་རྩེ་གཡུས་ཚན་ལས་ ཉིན་ལམ་༦ འགྱོ་དགོཔ་ད་ ཝ་ཕའི་གི་ ཁྱིམ་གུང་པ་༤༤ པོ་དེ་ ཁྱི་ན་དྭངས་ལུ་ གཞིས་ཆགས་ཏེ་ཡོདཔ་ཨིན་པས།
ཁྱི་ན་དྭངས་གཞིས་གསར་དེ་ པདྨ་དགའ་ཚལ་ལས་ ཀི་ལོ་མི་ཊར་༤༡ ལུ་ཨིནམ་ད་ བཟོ་བལ་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༢༧ གྱི་ས་ཁར་ཨིན་པས།
བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ མཐའ་ཟུར་གཡུས་ཚན་གྱི་ མི་སེར་ཚུ་གིས་ གཞས་་གསར་ནང་འོང་ནི་དེ་གིས་ ལེགས་ཤོམ་སོང་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གལ་སྲིད་ གཞིས་གསར་ནང་ མ་འོང་པ་ཅིན་ ཁོང་ར་ ཧེ་མ་སྡོད་སའི་ མཐའ་ཟུར་གཡུས་ཚན་ཚུ་ གོང་འཕེལ་གྱི་འཆར་གཞི་ཚུ་མེད་པར་ དེ་སྦེ་ར་ ལུས་སོཔ་འོང་ཟེར་ཨིན་པས།
མ་གཞི་ རང་གི་ཕ་ཁྱིམ་བཀོག་བཞག་ནི་དེ་ ཕངས་དོ་ཡོདཔ་ཨིན་རུང་ ཐབས་ཤེས་གཞན་མིན་འདུག་ཟེར་ཨིནམ་ད་ ད་ལས་ཕར་ རང་ལུ་དགོས་མཁོ་ཆེ་བའི་མཁོ་ཆས་ འཐུང་ཆུ་དང་ གློག་མེ་ གསོ་བའི་ཞབས་ཏོག་ དེ་ལས་ སློབ་གྲྭའི་མཐུན་རྐྱེན་ཚུ་ ལེགས་ཤོམ་འཐོབ་ཚུགས་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞིས་གསར་ནང་འོང་མི་ མི་སེར་ཚུ་ ཧེ་མ་ གཡུས་ཚན་ཁག་ལས་ འོང་ཡོདཔ་ཨིན་རུང་ ད་ལྟོ་ མི་སྡེ་གཅིག་ནང་འབདཝ་ལས་བརྟེན་ རང་གི་ཁྱིམ་ཚང་དང་ ཆ་རོགས་ཚུ་དང་གཅིག་ཁར་ འཆམ་ཏོག་ཏོ་སྦེ་ སྡོད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ རང་གི་མི་ཚེ་ནང་ གནོད་པ་བཀལ་མི་དེ་ར་ སྨྱོ་ཆང་ཨིནམ་ལས་ ག་དེམ་ཅིག་ སྤང་ཚུགས་ཚུགས་ སྤང་དགོ་ཟེར་ཨིན་པས།
གཞིས་གསར་ལས་འགུལ་ འགོ་འདྲེན་འཐབ་པའི་སྐབས་ གཞུང་གི་ཁ་ཐུག་ལས་ ཁྱིམ་རྐྱབ་མི་ཚུ་ལུ་ ཤིང་ཆས་དང་ ལྕགས་ཤོག་ གློག་ཆས་ཚུ་ རིན་མེད་སྟོང་པར་ གནང་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་བདག་ མགོ་གླིང་ཚེ་རིང་གིས་འབད་བ་ཅིན་ ཤིང་བཟོའི་ལཱ་དང་ རྡོ་བཟོའི་ལཱ་ཚུ་ འབད་ནིའི་དོན་ལུ་ ཁྱིམ་གུང་རེ་ལུ་ དངུལ་ཀྲམ་༥༠,༠༠༠ རེ་ བྱིན་ཡི་ཟེར་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་ཁ་ཐུག་ལས་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་སོན་ཚུ་ བྱིན་ཡོདཔ་མ་ཚད་ སོ་ནམ་གྱི་ལག་ཆས་ཚུ་ཡང་ བྱིན་ཡི་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ ཀི་རཱན་ སུ་བི་ཌི་གིས་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment