གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཕྱེ་གཏོར་བྱིན་པའི་རྩོད་བཤེར།

༢༡/༡/༢༠༡༣   ༉ ཨམ་སྲུ་ཅིག་གིས་ མོ་རའི་རྨགཔ་གི་ དགའ་མཐུན་ཨམ་སྲུ་ཅིག་ལུ་ ཨེ་ཕྱེ་གཏོར་བྱིན་པའི་ ཉེས་འཛུགས་ཕོག་མི་དེ་ འདས་པའི་བདུན་ཕྲག་ནང་ བུམ་ཐང་ཁྲིམས་སྲུང་འགག་པ་གིས་ རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་གྱི་དོན་ལས་ བཏང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྕམ་མཁར་ཁྲོམ་ཁར་སྡོད་མི་ སྐྱེས་ལོ་༣༢ ལང་མི་ དོགས་ཅན་ཨམ་སྲུ་དེ་གིས་ སྟང་རྒེད་འོག་ ཕོམ་རོང་གཡུས་ཚན་ནང་སྡོད་མི་ ཨམ་ཅུངམ་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཨེ་ཕྱེ་གཏོར་བྱིན་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་དེ་གིས་ མོ་རའི་རྨགཔ་ལུ་ ཨམ་ཅུངམ་ཡོད་པའི་སྐོར་ལས་ ཧ་གོ་ནི་དེ་གིས་ བར་ན་མི་བཙུགས་ཏེ་ བློ་སླབ་ཡོད་རུང་ ཨམ་ཅུངམ་དེ་གིས་ ཉན་མ་བཏུབ་པས་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐབས་ མོ་གིས་ དོན་ཅན་འབད་ར་ ཨེ་ཕྱེ་འབག་སྟེ་འགྱོཝ་ད་ ཨམ་ཅུངམ་དེ་ ནདཔ་ཨིན་ཟེར་ ཉལ་སྡོད་དེ་ བློ་སླབ་མ་བཏུབ་ལས་ མོ་གིས་ མལ་ཆ་ཐེན་བཏངམ་ད་ ཨེ་ཕྱེ་ཡང་ གཟུགས་ཁར་རེག་ནུག་ཟེར་ བཤདཔ་ཨིན་རུང་ ཨམ་ཅུངམ་དེ་གིས་འབད་བ་ཅིན་ མོ་གིས་ དྲངས་ཡི་ཟེར་ སླབ་ཡོད་པའི་ཁར་ བྱུང་རྐྱེན་སྐབས་ ཨ་ལུ་༢ ཡོད་མི་ལུ་ཡང་ ཨེ་ཕྱེ་རེག་ནུག་ཟེར་ཨིན་པས།
ཨིན་རུང་ དོགས་ཅན་ཨམ་སྲུ་དེ་གིས་འབད་བ་ཅིན་ ཨེ་ཕྱེ་འབག་འགྱོ་མི་དེ་ ངེས་བདེན་ཨིན་ཟེར་ ཁ་བཟེད་ཡོད་རུང་ ལགཔ་མ་བཀལ་ཟེར་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་གིས་ དོགས་ཅན་གྱི་རྨགཔ་དང་གཅིག་ཁར་ ལོ་༡ དེ་ཅིག་གི་རིང་ གསང་བའི་མཐུན་ལམ་བཞག་སྟེ་ ཤེས་རྟོགས་བྱུང་བའི་ཤུལ་ལས་ བློ་སླབ་སྟེ་འབད་རུང་ ཉན་མ་བཏུབ་པར་སྡོད་ཡོདཔ་ད་ ཉམས་རྒུདཔ་ཨམ་ཅུངམ་དེ་ སྡོད་ས་སྟང་ལུ་ཨིན་རུང་ གཡུས་ཁེངས་ལས་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་འདུན་གྱིས་ རྩོད་བཤེར་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment