གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་ཁབ་འདི་ ལྟ་བཤལ་ས་ཁོངས་དྲག་ཤོས་༣ ནང་ ཚུད་ཡོདཔ།

༢༦/༡/༢༠༡༣   ༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་ནིའི་ཚད་གཞི་༡༠༠,༠༠༠ བཟོ་མི་དེ་ དམིགས་ཡུལ་གྲུབ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ལྟ་བཤལཔ་བསྡོམས་༡༠༥,༤༡༤ ལྷོད་ཡོདཔ་བཞིན་དུ་ དེ་ནང་ལས་༥༣,༥༠༤ ཌོ་ལར་སྤྲོད་དེ་འོང་མི་ རྒྱལ་སྤྱིའི་ལྟ་བཤལཔ་ཨིནམ་ད་ གཞན་མི་༥༡,༩༡༠ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ཨིན་པས། 



སྤྱི་ལོ་༢༠༡༡ ལུ་ ལྟ་བཤལཔ་བསྡོམས་༡༠༠,༨༣༣ ལྷོད་མིའི་ནང་ལས་༤༧,༦༡༠ ཌོ་ལར་སྤྲོད་དེ་འོང་མི་ རྒྱལ་སྤྱིའི་ལྟ་བཤལཔ་ཨིནམ་ད་ གཞན་མི་༥༣,༣༣༣ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ཨིན་པས།
ལྟ་བཤལ་པའི་གྲངས་སུ་ རྒྱལ་ཁབ་ནང་ ཞལ་འཛོམས་ནང་འོང་མི་དང་ བརྡ་བརྒྱུདཔ་འོང་མི་ཚུ་ཡང་ ཚུདཔ་ཨིན་པས།
རྒྱ་གར་དང་ མཱལ་དིབསི་ དེ་ལས་ བེང་ལ་དེཤ་ལས་འོང་མི་ ལྟ་བཤལཔ་ཚུ་ ལུང་ཕྱོགས་ཀྱི་ ལྟ་བཤལ་པའི་གྲངས་སུ་ ཚུདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ ཉིན་བསྟར་གྱི་འཐུས་ཚུ་ སྤྲོད་མ་དགོཔ་མ་ཚད་ འཛུལ་ཞུགས་ཆོག་ཐམ་གྱི་འཐུས་ཚུ་ཡང་ སྤྲོད་མ་དགོཔ་ཨིན་པས།
ལུང་ཕྱོགས་ལྟ་བཤལཔ་ནང་ལས་ མང་ཤོས་ར་ རྒྱ་གར་ལས་ཨིན་ཟེར་ འབྲུག་ལྟ་བཤལ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་མདོ་ཆེན་ འཆི་མེད་དཔལ་མོ་གིས་ སླབ་མའི་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཚད་གཞི་བཟོ་མི་དེ་ གྲུབ་ཚུགས་རུང་ གཙོ་བོ་ འོང་འབབ་བཟོ་ནི་དང་ ལཱ་གཡོག་སྤྲོད་ནི་དེ་ཨིན་ཟེར་ཨིན་པས།
མདོ་ཆེན་གྱིས་འབད་བ་ཅིན་ ལྟ་བཤལ་པའི་གྱངས་ཁ་ མང་སུ་སྦེ་ འོང་མིའི་ འོང་འབབ་ལས་བརྟེན་ ལཱ་གཡོག་གི་ གོ་སྐབས་སྤྲོད་ཚུགས་པ་ཅིན་ དེ་ར་ ཁག་ཆེ་བས་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ལྟ་བཤལ་ཚོགས་སྡེའི་ཁ་ཐུག་ལས་ གཡོག་གི་གོ་སྐབས་༢༥,༩༨༧ དེ་ཅིག་ སྤྲོད་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ ལམ་སྟོན་པ་དང་ བཟའ་ཁང་ མཁའ་འགྲུལ་ལས་ཁུངས་ དེ་ལས་ ལག་བཟོ་ཁང་ཚུ་ནང་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ཁ་ཐུག་ལས་ གཡོག་གི་གོ་སྐབས་བྱིན་ནིའི་ ཚད་གཞི་བཞག་མི་དེ་༢༥,༠༠༠ ཨིནམ་ད་ སྤྱི་ལོ་༢༠༡༡ ལུ་ གཡོག་གི་གོ་སྐབས་༢༣,༠༠༠ དེ་ཅིག་ སྤྲོད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༡༣ གྱི་དོན་ལུ་ ལྟ་བཤལ་པའི་ས་ཁོངས་ དྲག་ཤོས་༣ ནང་ ཚུད་དེ་ཡོདཔ་ལས་ སང་ཕོད་ཀྱི་དོན་ལུ་ ལྟ་བཤལ་པའི་ཚོང་ལཱ་དེ་ ལེགས་ཤོམ་འགྱོ་ནི་བཟུམ་ཅིག་ མཐོངམ་མས་ཟེར་ ལྟ་བཤལ་ཚོགས་པའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ལས་སྡེ་ གོང་འཕེལ་གཏང་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་ལུ་བརྟེན་ གྲུབ་འབྲས་ལེགས་ཤོམ་བྱུངམ་མས་ཟེར་ འཆི་མེད་དཔལམོ་གིས་ སླབ་ཨིན་པས།
ལཱོན་ཌཱོན་ལུ་སྦེ་ མ་འོངས་པའི་ ལྟ་བཤལ་ས་ཁོངས་ཀྱི་ རྟགས་མའི་དོན་ལུ་ རྒྱལ་ཁབ་༡༣༣ གྱིས་ ཐོ་བཀོད་འབད་མིའི་གྲས་ལས་༤༦ བཙག་འཐུ་འབད་མི་ཚུ་ལས་ འབྲུག་རྒྱལ་ཁབ་འདི་ དྲག་ཤོས་༣ ནང་ ཚུད་ཡོདཔ་ཨིན་པས།
ལྟ་བཤལ་ས་ཁོངས་ དྲག་ཤོས་ཅིག་སྦེ་ ངོས་འཛིན་འབད་ཡོད་པའི་ རྟགས་མ་དེ་ སྤྱི་ཟླ་༤ པའི་ནང་ བྱིན་ནི་མས་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment