གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ལས་མི་༡ ལུ་ཤི་རྐྱེན།

༢༢/༡/༢༠༡༣   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢:༣༠ དེ་ཅིག་ལུ་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ནང་ རྒྱ་གར་གྱི་ལས་མི་༡ ལུ་ ཤི་རྐྱེན་བྱུང་མི་དེ་ དོགས་པ་མེད་པའི་ བདེན་རྟགས་བྱུང་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་དེ་ རྒྱ་གར་ ཨ་སམ་མངའ་སྡེ་ ཇཱལ་པའི་གུ་རི་ལས་ཨིནམ་ད་ ཁོ་ར་ རྒེད་འོག་གི་ སོ་ནམ་ཞིང་སེལ་མིའི་ནང་ ལཱ་འབད་དེ་ ཟླཝ་༣ དེ་ཅིག་ ལང་ནུག་ཟེར་ དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་ཡོདཔ་མ་ཚད་ ཚེ་འདས་ཕོ་སྐྱེས་དེ་ དེ་ཚེ་ཕྱི་རུ་ ཆང་འགྲངས་མི་ལུ་བརྟེན་ ཤི་སོངཔ་འོང་ནི་མས་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་གིས་ ཚོང་ཁང་ཅིག་ནང་ལས་ ཆང་འཐུང་སྟེ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཐོན་སོང་བའི་ཤུལ་ལུ་ དྲོ་པ་འབདཝ་ད་ ཚོང་ཁང་གི་ལྟག་ལུ་ ཤི་ཡོདཔ་སྦེ་ རྒེད་འོག་བདག་སྐྱོང་ཡིག་ཚང་གི་ སྲུང་རྒྱབ་ཅིག་གིས་ མཐོང་ནུག་ཟེར་ རྒཔོ་གིས་སླབ་ཨིན་པས།
ཚེ་འདས་ལས་མི་དེ་ རྒེད་འོག་ལྟེ་བ་ལས་ མི་ཊར་༥༠ དེ་ཅིག་གི་ས་ཁར་ ཤི་རྐྱེན་བྱུང་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཤི་རྐྱེན་ནང་ བྱ་ངན་ཚུ་འབད་ཡོད་པའི་ དོགས་པ་མེདཔ་ལས་ རང་བཞིན་གྱིས་ ཤི་རྐྱེན་བྱུང་བྱུངམ་མས་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ རྒྱ་གར་གྱི་ལས་མི་༡༢ ལྷགཔ་ཅིག་དང་གཅིག་ཁར་ ལཱ་འབད་དེ་ སྡོད་མི་ཅིག་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment