གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་ཉེན་བཅོལ་གྱིས་ དགེ་སློང་ཚུ་ལུ་ ཕན་ཁྱད་འབྱུང་ནི།

༢༣/༡/༢༠༡༣   ༉ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ གཞུང་གྲྭ་ཚང་ལུ་ ཕན་ཐབས་ཀྱི་དོན་ལུ་ གསོ་བའི་ཉེན་བཅོལ་ལས་རིམ་ཅིག་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ གཞུང་གྲྭ་ཚང་གི་ དགེ་སློང་༨,༠༠༠ དེ་ཅིག་གིས་ གསོ་བའི་ཉེན་བཅོལ་འབད་དེ་ ཡོདཔ་ཨིན་པས།


དགེ་སློང་ཚུ་གི་དོན་ལུ་ གསོ་བའི་ཉེན་བཅོལ་ལས་རིམ་ འགོ་བཙུགས་དགོ་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ གསོ་བའི་མཐུན་རྐྱེན་ཚུ་ ཚད་ཅིག་ལས་བརྒལ་མེད་ནི་དེ་གིས་ ཤུལ་ལས་ དགེ་སློང་ཚུ་ རྒྱ་གར་གྱི་སྨན་ཁང་སྦོམ་ཚུ་ནང་ སྨན་བཅོས་འབད་བར་གཏང་ནིའི་དོན་ལུ་ ཨིན་ཟེར་ འབྲུག་རྒྱལ་གཞུང་ཉེན་བཅོལ་ཚད་ཀྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྨན་བཅོས་འབད་བར་བཏང་བའི་སྐབས་ བསྒུག་བཞགཔ་མས་ཟེར་ཨིནམ་ད་  དགེ་སློང་ཚུ་ ཤུལ་ལས་ལོ་དང་ན་ཚོད་རྒས་པའི་བསྒང་ལས་ བདག་འཛིན་འཐབ་མི་ བུ་གཞི་ཟེརཝ་མེད་ནི་དེ་གིས་ རང་གི་ གསོ་བའི་འཕྲོད་བསྟེན་གྱི་དོན་ལུ་ ཉེན་བཅོལ་ཚུ་འབདཝ་མས་ཟེར་ཨིན་པས།
དགེ་སློང་ཚུ་གིས་ ལོ་རེ་ནང་ དངུལ་ཀྲམ་༨༦༠ བཏབ་ཐོག་ལས་ རང་གི་གཟུགས་ཁམས་འཕྲོད་བསྟེན་དང་ སྨན་བཅོས་ཚུ་ ག་དེ་དྲག་དྲག་འབད་ཚུགས་ནི་ཨིནམ་ད་ དངུལ་ཀྲམ་༨༦༠ པོ་དེ་ གཞུང་གྲྭ་ཚང་གི་ཁ་ཐུག་ལས་སྦེ་ ལོ་བསྟར་གནས་རིམ་ཐོག་ལུ་ སྟབས་གཅིག་ཁར་སྦེ་ བཏབ་དོ་ཡོདཔ་ཨིན་པས།
གསོ་བའི་ལས་རིམ་དེ་ ན་ཧིང་ལས་འགོ་བཙུགས་ཡོདཔ་བཞིན་དུ་ རྒྱ་གར་གྱི་ས་གནས་ གུ་ཧ་ཊི་ ཇའི་སྒང་ སི་ལི་གུ་རི་ བི་ཧར་ ལྡི་ལི་ དེ་ལས་ བེ་ལོར་ཚུ་ནང་ སྨན་བཅོས་འབད་བར་འགྱོ་ནིའི་དོན་ལུ་ དགེ་སློང་རེ་གིས་ སྨན་བཅོས་ཀྱི་དོན་ལུ་ མཐོ་ཤོས་ དངུལ་ཀྲམ་༡༠༠,༠༠༠ རེ་འཐོབ་ནི་ཨིན་པས།
གསོ་བའི་ཉེན་བཅོལ་གྱི་ འཐུས་མི་ཅིག་ཨིན་མི་ དགེ་སློང་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ལས་རིམ་དེ་ དགེ་སློང་ཚུ་གི་དོན་ལུ་ གནམ་མེད་ས་མེད་ ཐབས་ལམ་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ དགེ་སློང་རྐྱངམ་གཅིག་ལུ་དམིགས་ཡུལ་བསྐྱེད་དེ་ གསོ་བའི་ཉེན་བཅོལ་ཞབས་ཏོག་ གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ ཆོས་དང་འབྲེལ་བའི་མི་ཚུ་གིས་ཡང་ མི་སེར་གྱི་ ཞབས་ཏོག་ལེན་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ཚད་ཀྱིས་ དགེ་སློང་གི་གསོ་བའི་ཉེན་བཅོལ་ཞབས་ཏོག་ འགོ་བཙུགས་ནིའི་གནས་སྐབས་དེ་ཡང་ འབྲུག་རྒྱུ་ནོར་གཞི་བཟུང་གི་ཁྲི་འཛིན་ བློན་པོ་ ཨོམ་པར་དཱན་གྱིས་བཏོན་ཡོདཔ་ཨིན་ཟེར་ཨིན་པས།
གསོ་བའི་ཉེན་བཅོལ་གྱིས་ ད་ལྟོ་གཞུང་གྲྭ་ཚང་གི་ དགེ་སློང་རྐྱངམ་གཅིག་མ་གཏོགས་ ས་གནས་གཞན་ཁ་ཡོད་པའི་དགེ་སློང་དང་ ཨ་ནེམ་ཚུ་ མ་ཚུདཔ་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ དེ་བཟུམ་མའི་ གསོ་བའི་ཉེན་བཅོལ་ཞབས་ཏོག་དེ་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ཡང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཚུ་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment