གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ཁོམས་ཤར་ལས་ པདྨ་གྲགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༢༢/༡/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ གཙུག་སྡེ་ནང་ མི་སྡེ་ལུ་ ཕན་ཐབས་ཀྱི་གོ་སྐབས་ རྒྱ་ཆེ་དྲགས་སྦེ་ མཐོང་གསལ་བྱུང་མི་ གཞལམ་སྒང་རྫོང་ཁག་ ཁེངས་བར་དོ་ ཁོམས་ཤར་གཡུས་ཚན་ལས་ སྐྱེས་ལོ་༤༤ ལང་མི་ པདྨ་གྲགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ དང་འདོད་ཐོག་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༤ ལང་མི་ པདྨ་གྲགས་པ།


ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འགན་དེ་ གཙོ་བོ་ར་ རྩ་ཁྲིམས་ཆེན་མོའི་ དོན་ཚན་ཚུ་གི་ ལག་ལེན་བསྐྱར་ཞིབ་ཐོག་ ལྟ་རྟོག་འབད་དེ་ཨིན་པའི་ཁར་ དེ་དང་འབྲེལ་ མི་སྡེ་ལུ་ཕན་པའི་ གོང་འཕེལ་གྱི་ལས་དོན་ཚུ་ འགོ་འདྲེན་འཐབ་ནི་ལུ་ མཉམ་འབྲེལ་དང་ ཆ་རོགས་ཚུ་འབད་ཚུགས་པའི་ གོ་སྐབས་སྦོམ་མཐོངམ་ལས་ ཚོགས་སྡེའི་འཐུས་མི་ལུ་ དང་འདོད་དང་ སྤྲོ་བ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ ཞི་གཡོག་ནང་ ལོ་ངོ་༡༤ ཕྱག་ཞུ་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ལོ་ཐོག་བསྡུ་ཤུལ་ལྟེ་བའི་ ལས་རིམ་མདོ་ཆེན་ལས་ དགོངས་ཞུ་འབད་ཡོདཔ་ད་ དེ་ཡང་ ཁོ་གིས་ ས་གནས་ཀྱི་ མི་སེར་ཚུ་དང་ ཁོ་རའི་ དང་འདོད་དང་འབྲེལ་བའི་ འཆར་གཞི་ཚུ་ གྲོས་བསྟུན་འབད་བའི་སྐབས་ རྒྱབ་སྐྱོར་འབད་མི་ཚུ་ ཐོན་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
ཁོ་གིས་ ཚོགས་སྡེའི་འཐུས་མི་གི་ ས་གོ་ནང་ལྷོད་ཚུགས་པ་ཅིན་ རྫོང་ཁག་སྐྱོ་ཤོས་༥ གི་གྲས་ཁར་ཚུད་མི་ གཞལམ་སྒང་རྫོང་ཁག་དེ་ དྲག་ཤོས་༥ ནང་ ལྷོད་ཚུགས་ནིའི་དོན་ལུ་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མ་གཞི་ རྒྱལ་ཡོངས་ཚོགས་སྡེའི་ འགན་འཁྲི་གཙོ་བོ་ར་ ཁྲིམས་གཞུང་ཚུ་ བསྐྱར་ཞིབ་འབད་ནི་དེ་ཨིན་རུང་ སྲིད་འབྲེལ་མེདཔ་ལས་བརྟེན་ ས་གནས་གཞུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་ ལས་རིམ་ཚུ་དང་འབྲེལ་བའི་ སྲིད་བྱུས་ཚུ་ འཆར་བཀོད་འབད་ནིའི་ནང་ ཕན་ཐོགས་སྦོམ་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ དཔལ་འབྱོར་གཞི་བཙུགས་འབད་ནིའི་ འཆར་གཞི་ཚུ་ཡོདཔ་མ་ཚད་ ཚོགས་སྡེའི་འཐུས་མི་གི་གྲས་ཁར་ འབྲེལ་གཏོགས་འབད་དེ་ ས་གནས་གཞུང་གི་ མ་དངུལ་ལག་ལེན་དང་འབྲེལ་བའི་དབང་ཚད་ ཧྲིལ་བུམ་ཐོབ་མ་ཚུགས་པར་ཡོད་མི་ཚུ་ཡང་ སྤྲོད་ཐབས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ཚན་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཁར་ བཟའ་སྤྱོད་འཕྲུལ་རིག་དང་འབྲེལ་བའི་ ཚན་རིག་ནང་ གཙུག་ལག་ཤེས་ཚད་ཡོད་མི་ པདྨ་གྲགས་པ་གིས་འབད་བ་ཅིན་ སྒེར་སྡེ་ཚུ་ཡང་ ཁྲིམས་ལུགས་ཀྱི་གནས་སྟངས་ བྱ་སྟབས་བདེ་དྲགས་མེད་མི་ལུ་བརྟེན་ གོང་འཕེལ་གྱི་འགྱུར་བ་དེ་ རྒྱ་ཆེ་དྲགས་སྦེ་ འགྱོ་མ་ཚུགས་པར་ཡོདཔ་ལས་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་ཐབས་ཆེ་བའི་ ཁྲིམས་ལུགས་ཚུ་ བྱ་སྟབས་བདེ་དྲགས་བཟོ་དགོཔ་ཡང་ ལེ་ཤ་འདུག་ཟེར་བཤད་ཅི།
ཁོ་གིས་ ཞི་གཡོག་ནང་ རྒྱལ་ཡོངས་ལོ་ཐོག་བསྡུ་ཤུལ་ལྟེ་བའི་ནང་ སྡོད་པའི་སྐབས་ ལོ་ཐོག་དང་འབྲེལ་བའི་ འཕྲུལ་ཆས་མ་འདྲཝ་༦ དེ་ཅིག་ འགོ་འདྲེན་འཐབ་ཐོག་ལས་ རྫོང་ཁག་༢༠ འི ནང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཁོ་ལུ་ དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ལས་རིམ་འགོ་འདྲེན་འཐབ་ནིའི་ནང་ ལྕོགས་གྲུབ་ཡོདཔ་ལས་ ལྕོགས་གྲུབ་དེ་ ལག་ལེན་ཐོག་ ཁོ་རའི་ འདེམས་ཁོངས་ནང་ ཕན་ཐོགས་ཚུགསཔ་སྦེ་ འབད་ནི་གི་ རེ་བ་སྦོམ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment