གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ གཙོ་རིམ་ཅན་གྱི་ དོན་ཚན་༢༥ གསལ་སྟོན།

༢༦/༡/༢༠༡༣   ༉ ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པ་གིས་ རྒྱལ་ཁབ་གོང་འཕེལ་དང་འབྲེལ་བའི་ གནད་དོན་ནང་ གཙོ་རིམ་ཅན་གྱི་ དོན་ཚན་༢༥ གསལ་སྟོན་འབད་མི་དང་འབྲེལ་ གསར་སྤང་དང་ དར་དཀར་ནང་ དེ་ལས་ རྩི་རང་རྫོང་ཁག་གསུམ་གྱི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡི།
ལིང་དཔོན་བགྲེསཔ་ ཨེསི་བི་དགའ་ལེགས
སཱ་རསི་ཝ་ཏི་ ཆེ་ཏི་རི།
རྩ་རྒས་རྡོ་རྗེ།


ཚོགས་པ་དེ་གིས་ གྲོང་གཡུས་ཚུ་ནང་ གོང་འཕེལ་ལས་རིམ་ལུ་ གཙོ་རིམ་བཟུང་ནིའི་ དམིགས་གཏད་དང་འབྲེལ་ གྲོས་ཆོད་དང་ གོང་འཕེལ་གྱི་ འཆར་གཞི་ག་ར་ མི་སེར་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ བརྩམ་ནི་ཨིན་མི་དེ་ སྲིད་ཚོགས་གཞན་དང་མ་འདྲ་བའི་ ཁྱད་ཆོས་ཅིག་ཨིན་ཟེར་ཨིན་པས།
གཙོ་རིམ་ཅན་གྱི་དོན་ཚན་༢༥ ཡོད་པའི་ནང་གསལ་ གཙོ་བོ་ར་ དྭངས་གསལ་དང་ འགན་འཁྲི་ཅན་གྱི་གཞུང་སྐྱོང་ གོང་འཕེལ་གཏང་ནི་དང་ དམངས་གཙོའི་རིང་ལུགས་གོང་འཕེལ་ཐོག་ གཞུང་མིན་ལས་ཚོགས་དང་ བརྡ་བརྒྱུད་ཚུ་ལུ་ རང་དབང་ གོང་འཕེལ་གཏང་ནི་ སྒེར་སྡེ་གོང་འཕེལ་གྱི་དོན་ལུ་ བྱ་སྒོའི་གནས་སྟངས་ ཡར་དྲག་བཟོ་ནི་  དེ་ལས་ ན་གཞོན་དང་ ཨམ་སྲུའི་འབྲེལ་གཏོགས་ཀྱི་ གོ་སྐབས་ཚུ་ཡང་ རྒྱ་བསྐྱེད་འབད་ནི་ཨིན་པས།
ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་སླབ་མིའི་ནང་ ཚོགས་པ་གིས་ གཙོ་རིམ་ཅན་གྱི་དོན་ཚན་༢༥ པོ་དེ་ ད་ཚུན་ གོང་འཕེལ་གྱི་གནས་རིམ་ནང་ གདོང་ལེན་གྱི་གནས་སྟངས་ཚུ་ལུ་ གཞི་བཞག་ཡོད་པའི་ཁར་ ཚོགས་པ་གིས་ འབྲེལ་ཡོད་མི་མང་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་འབད་བའི་ ཞིབ་འཚོལ་གྱི་ གྲུབ་འབྲས་ཚུ་དང་འཁྲིལ་ ཐོ་བཀོད་འབད་ཡོདཔ་ཨིན་ཟེར་བཤད་ཅི།
མོ་གིས་སླབ་མིའི་ནང་ དེ་གིས་ མི་མང་གི་དགོས་མཁོ་དང་བསྟུན་པའི་ ལག་ལེན་ལུ་ གཙོ་བོར་སྟོན་ཚུགས་ཟེར་ཨིན་པས།
ཚོགས་པ་གིས་ སྤྱི་ཚོགས་ནང་གོ་སྐབས་མ་ཐོབ་སྟེ་འབད་རུང་ ཁྲིམས་མཐུན་གྱི་སྲིད་ཚོགས་གཙུག་སྡེ་ཅིག་སྦེ་ ཆ་འཇོག་དང་བསྟུན་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ གཙོ་རིམ་ཅན་གྱི་གནད་དོན་ཚུ་ གཞུང་སྐྱོང་ལུ་ དྲན་གསོ་འབད་དེ་ར་ སྡོད་འོང་ཟེར་བཤད་ཅི།
འདེམས་ངོ་ཚུ་གི་གྲས་ལས་ འགོ་ཐོག་འདེམས་ངོ་༣ ངོ་སྤྲོད་འབད་མི་ཚུ་ཡང་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་དང་ མནྡལ་སྒང་འདེམས་ཁོངས་ཀྱི་དོན་ལུ་ སྐྱེས་ལོ་༥༨ ལང་མི་ བསྟན་སྲུང་དམག་སྡེའི་ ལིང་དཔོན་བགྲེསཔ་ ཨེསི་བི་ དགའ་ལེགས་ཨིན་པས།
ལིང་དཔོན་བགྲེསཔ་གིས་སླབ་མིའི་ནང་ ཁོ་ལུ་ མ་གཞི་སྲིད་དོན་ནང་ སྤྲོ་བ་མེད་རུང་ གཙོ་བོ་ར་ གྲོང་གཡུས་ཚུ་ནང་ གོང་འཕེལ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བལྟ་སྟེ་ གྲོང་གཡུས་གོང་འཕེལ་གྱི་གནད་དོན་ནང་ ལེགས་བསྒྱུར་འབད་ཚུགས་པའི་རེ་བ་བསྐྱེད་ཐོག་ལས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
དར་དཀར་ནང་ ལྷ་མོའི་རྫིང་ཁ་འདེམས་ཁོངས་ལས་ སྐྱེས་ལོ་༣༢ འབད་མི་ སཱ་རསི་ཝ་ཏི་ ཆེ་ཏི་རི་ཨིནམ་ད་ མོ་གིས་ རྒྱ་གར་གྱི་ མཐོ་རིམ་སློབ་གྲྭ་ཅིག་ནང་ལས་ བརྡ་དོན་ལམ་ལུགས་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ སྒེར་སྡེའི་ནང་ ལོ་ངོ་༦ དེ་ཅིག་ ལཱ་འབད་དེ་ འཕྲལ་ཁམས་ ཟླཝ་དག་པ་ཅིག་གི་རིང་ ལྟ་བཤལ་ལམ་སྟོན་པ་སྦེ་ སྡོད་ཡོདཔ་ཨིན་པས།
མོ་གིས་ སྲིད་དོན་ནང་འབྲེལ་གཏོགས་འབད་མི་དེ་ གཙོ་བོ་ར་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ མི་སྡེའི་ནང་ ཕན་ཐོགས་ཅན་གྱི་ ཞབས་ཏོག་འགྲུབ་དགོ་པ་ཅིན་ ཞབས་ཏོག་འགྲུབ་སའི་ ས་གོ་ཅིག་དགོཔ་ལས་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ནི་དེ་ གོ་སྐབས་ཀྱི་ལམ་ཕྱོགས་ངོ་མ་ཅིག་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༡ འབད་མི་ རྩ་རྒས་རྡོ་རྗེ་གིས་ གསར་སྤང་དང་ ཤོམ་སྤང་ཁ་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ རྒྱ་གར་ལས་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ ལྟ་བཤལ་ལམ་སྟོན་པ་སྦེ་སྡོད་ནུག།
ཁོ་ར་ སྲིད་དོན་ནང་འབྲེལ་གཏོགས་འབད་མི་དེ་ གཙོ་བོ་ར་ འབྲུག་ལུ་ ན་གཞོན་གྱི་གནད་དོན་ཚུ་ རྒྱབ་ཁ་བསྐྱུར་ཏེ་ལུས་པའི་ མཐོང་གསལ་བྱུང་མི་ལུ་བརྟེན་ ན་གཞོན་དང་འབྲེལ་བའི་གནད་དོན་ཚུ་ དང་ལེན་ཐོག་ རྒྱབ་སྐྱོར་འབད་ནི་ལུ་དམིགས་ཏེ་ ཨིན་ཟེར་བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment