གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་དང་ དཀྱི་ར་མེ་ཏོག་ཅནམ་ཚུ་ འཐག་ནི་ལུ་ བརྩོན་ཤུགས་བསྐྱེད་ནི།

༢༩/༡/༢༠༡༣   ༉ བུམ་ཐང་ ཆོས་འཁོར་རྒེད་འོག་གི་གཡུས་ཚན་ རྡོ་རྗེ་སྦིས་དང་ སྤང་རེད་ དེ་ལས་ ཟླ་བ་ཁ་གཡུས་ཚན་གསུམ་གྱི་དོན་ལུ་ རྡོ་རྗེ་སྦིས་ལུ་སྦེ་ རྒྱ་གར་ཨ་སམ་ལུ་ འཐག་སྲོལ་ཡོད་མི་ མེ་ཅེ་གི་ཐགས་ཀྱི་ལྟེ་བ་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ ཨམ་སྲུ་ཚུ་གིས་ པང་ཐགས་རྐྱངམ་གཅིག་ འཐག་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ གོ་དང་ དཀྱི་ར་མེ་ཏོན་ཅནམ་ཚུ་ འཐག་ཚུགས་ནི་ཨིན་པས།

རྡོ་རྗེ་སྦིས་ལུ་ གཞི་བཙུགས་འབད་མི་ མེ་ཅེ་གི་ཐགས་ལས་ལྟེ་བ་ནང་ སྦྱོང་བརྡར་འགོ་འདྲེན་འཐབ་པའི་བསྒང་།

དེ་ཡང་ འཕྲལ་ཁམས་གཅིག་ཁར་ རང་ལུགས་ཐགས་བཟོའི་ ཚོགས་པ་གིས་ གཡུས་ཚན་ཚུ་ནང་སྡོད་མི་ ཨམ་སྲུ་ཚུ་ལུ་ ཐགས་ལས་ཀྱི་ སྦྱོང་བརྡར་བྱིན་དོ་ཡོདཔ་ལས་ ད་ལས་ཕར་ མེ་ཏོག་ཅནམ་གྱི་གོ་ལ་ཚུ་ འཐག་ཚུགས་ནི་ཨིན་པས།
ལྟེ་བ་ལས་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མེ་ཅེ་གི་ ཐགས་ཆས་ཀྱིས་ པང་ཐགས་རྐྱངམ་གཅིག་འཐག་བཏུབ་དོ་ཡོད་རུང་ ད་ལས་ཕར་ མེ་ཏོག་ཅནམ་ཚུ་ འཐག་ནི་གི་དོན་ལུ་ ཐགས་ཆས་དེ་ནང་ ཚང་ལ་ཁ་ནང་ ཧང་ཟེར་སླབ་མི་ ཧེ་མ་ གཉིས་ཡོད་མི་ནང་ ད་རུང་ གསུམ་ཐེབས་བཀལ་དགོ་ནི་ཨིན་པས།
སྐྱེས་ལོ་༤༣ ལང་མི་ པདྨ་ཆོས་སྒྲོན་གྱིས་ ཚོགས་པ་གིས་འབག་འོང་མི་ ལ་འོསི་རྒྱལ་ཁབ་ཀྱི་ ཐགས་ཆས་དེ་ནང་ཡང་ མེ་ཏོག་དག་པ་རེ་འཐུ་སྟེ་ འཐགས་བཏུབ་ནི་ཨིན་རུང་ རང་ལུགས་ཀྱི་ ཐགས་བཟུམ་ཅིག་ མི་བཏུབ་པས་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གི་ སློབ་སྟོན་པ་ཨིན་མི་ དཀོན་མཆོག་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་ཅེ་གི་ཐགས་ཆས་ནང་ རང་ལུགས་ཀྱི་ ཐགས་བཟུམ་སྦེ་ མེ་ཏོག་ཅནམ་ཚུ་ འཐག་ནི་གི་འོས་འབབ་ཡོདཔ་ལས་ སློབ་སྟོན་འབད་བྱིན་དོ་ཟེར་ཨིན་པས།
ཐབས་ཤེས་གསརཔ་དེ་གིས་ རྡོ་རྗེ་སྦིས་ཐགས་ལས་ལྟེ་བའི་ ཨམ་སྲུ་ཚུ་ལུ་ གོ་སྐབས་ལེགས་ཤོམ་འོང་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ མེ་ཏོག་ཅནམ་གི་ གོ་ལ་ཚུ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ཨིན་པས།
ཚོགས་པའི་འཐུས་མི་ ཨམ་སྲུ་ཅིག་གིས་ ན་ཧིང་གི་ལོ་ནང་ ལྟེ་བ་གིས་ ས་གནས་ནང་ཡོད་མི་ སློབ་གྲྭ་དག་པ་ཅིག་ སློབ་གྲྭའི་སྒྲིག་གོ་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཐིམ་ཕུ་ལུ་ བཙེམ་པར་འབག་སྟེ་ ཟད་འགྲོ་སྟོང་ཕྲག་ལས་བཅད་དེ་ བཏང་ཡོདཔ་ཨིན་རུང་ ཉོ་མི་མེད་པར་ རྒུད་ཕོག་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ མེ་ཏོག་ཅནམ་གྱི་ གོ་ལ་ཚུ་ཐགས་ཏེ་ འོང་འབབ་བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
འབྲུག་གི་རང་ལུགས་ཐགས་བཟོའི་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཆོས་རྟེན་རྡོ་རྗེ་གིས་ ལས་རིམ་དེ་ གཙོ་བོ་ར་ ཁྲི་ཐགས་དང་ ལ་འོསི་རྒྱལ་ཁབ་ཀྱི་ཐགས་ཆས་ དེ་ལས་ མེ་ཅི་གི་ཐགས་ཆས་ཚུ་ནང་ རང་ལུགས་ཀྱི་ ཐགས་དོ་བཟུམ་སྦེ་ མེ་ཏོག་ཅནམ་ཚུ་ འཐག་ནི་དང་ དང་ཕུ་ རང་བཞིན་ལས་ཐོན་མི་ ཚོས་གཞི་བཟོ་ཐངས་ཚུ་ ལོག་སྟེ་ འགོ་བཙུགས་ཐབས་ལུ་ཨིནམ་སྦེ་ བཤད་ཅི།
ཁོ་གིས་ ད་རེས་ནངས་པ་ མང་ཤོས་ཀྱིས་ དེང་སང་གི་ རྫས་སྦྱོར་སླ་བསྲེས་པའི་ཚོས་གཞི་ཚུ་ ལག་ལེན་འཐབ་མི་དེ་གིས་ གོ་ལ་ཚུ་ཆུ་འཁྱུ་བའི་སྐབས་ ཚོས་གཞི་ཡལ་འགྱོ་བའི་ དཀའ་ངལ་ཐོན་དོ་ཡོདཔ་ལས་ རང་བཞིན་གྱི་ཨིན་པ་ཅིན་ ཡལ་མི་འགྱོ་ཟེར་ཨིན་པས།
དེ་འབདཝ་ལས་ རང་བཞིན་གྱི་ ཚོས་གཞི་བཟོ་ཐངས་ཀྱི་སྐོར་ལས་ བཀང་ལུང་ལུ་སྦེ་ བཀྲ་ཤིས་སྒང་དང་ མོང་སྒར་ དེ་ལས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་གསུམ་ལས་ ཨམ་སྲུ་༣༢ ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འབད་ཚུགས་པ་ཅིན་ སྒོཔ་དང་ ཁེན་པ་ཤིང་ དེ་ལས་ ཚལ་མ་ནང་སྐྱེས་མི་ ཤིང་ཡོད་ཚད་གཅིགཔ་གིས་ ཚོས་གཞི་བཟོ་བཏུབ་ལས་ དེ་གིས་ ཚོང་འབྲེལ་ལུ་ ཕན་ཐོགས་པའི་ཁར་ འོས་འབབ་ཡང་ སྦོམ་འདུག་ཟེར་ཨིན་པས།
གཞལམ་སྒང་གི་ སོ་ནམ་པ་ཚུ་ལུ་ གྲོགས་རམ་འབད་ནི་གི་དོན་ལུ་ ཐའི་ལེནཌི་རྒྱལ་ཁབ་ལས་ ཚར་བཟོའི་མཁས་མཆོག་ཅིག་ འབོ་ནི་ཨིན་པའི་ཁར་ རང་བཞིན་གྱི་ ཚོས་བླུགས་ཡོད་པའི་ སྐུདཔ་ཚུ་ཡང་ གོང་ཚད་ཁེ་ཏོག་ཏོ་སྦེ་ གྲོང་གསེབ་ནང་ ཐགས་འཐག་མི་ཚུ་ལུ་ ཚོགས་པ་གིས་ བཀྲམ་སྤེལ་འབད་དོ་ཡོད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment