གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོའི་རིང་ལུགས་ནང་ འགན་ཁུར་འབག་དགོ་པའི་ ལམ་སྟོན་དཔེ་དེབ་གསར་བཏོན།

༢༤/༡/༢༠༡༣   ༉ རྒྱལ་བརྒྱུད་རྒྱལ་ཁབ་དེ་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དམངས་གཙོའི་རིང་ལུགས་ནང་ འབྲུག་པའི་ན་གཞོན་དང་ ཕོ་མོ་ཡོངས་ཀྱིས་ སྔར་ལས་ལྷག་སྟེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ ལམ་སྲོལ་བཟང་པོ་ དེ་ལས་ རྩོམ་རིགས་དཔེ་དེབ་ཚུ་ རང་དབང་ཐོག་ལས་ རྩོམ་འབྲི་འབད་དགོ་པའི་ འགན་ཁུར་ཕོག་ཡོདཔ་ཨིན་པས།
གཞི་རྟེན་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ ཚེ་དབང་རྟ་མགྲིན་གྱིས་ དཔེ་དེབ་གསར་བཏོན་འབད་བའི་བསྒང་།


དེ་ཡང་ འབྲུག་བརྡ་བརྒྱུད་དང་ དམངས་གཙོ་ལྟེ་བའི་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ གསར་བཏོན་འབད་མི་དཔེ་དེབ་དེ་ ན་གཞོན་སློབ་ཕྲུག་ཅིག་ལུ་ གཞི་བཞག་སྟེ་ རྩོམ་བྲིས་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ ན་གཞོན་ཚུ་གིས་ རྩོམ་བྲིས་འབད་མི་ཚུ་ བསྡུ་སྒྲིག་འབད་དེ་ དཔེ་དེབ་བཟོ་མི་གཉིས་ ཁ་ཙ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་སྦེ་ འགོ་འབྱེད་འབད་ཡི།
འབྲུག་བརྡ་བརྒྱུད་དང་ དམངས་གཙོ་ལྟེ་བ་ལས་ བཀོད་ཁྱབ་མདོ་ཆེན་ ཨམ་ སེག་ཤཱན་པེག་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་ དཔེ་མཛོད་ཁང་ཚུ་ནང་ དཔེ་དེབ་༡༠ ཡོད་པ་ཅིན་ འབྲུག་མི་ཚུ་གིས་ བྲིས་མིའི་དཔེ་དེབ་༡ དང་ ཕྱི་མི་ཚུ་གིས་ རྩོམ་བྲིས་འབད་མི་དཔེ་དེབ་༩ དེ་ཅིག་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ནང་ ག་ཅི་ར་འབད་རུང་ རང་དབང་རང་བཙན་གྱི་སྒོ་ལས་ འབད་དགོ་པའི་འགན་ཁུར་དེ་ འབྲུག་པའི་ན་གཞོན་ཚུ་ལུ་ འགན་ཁུར་ཕོག་སྟེ་ ཡོད་ཟེར་ཨིན་པས།
ད་རེས་གསར་བཏོན་འབད་མི་ དཔེ་དེབ་དང་འཁྲིལཝ་ད་ སློབ་ཕྲུག་ཨ་ལོ་ཅིག་གིས་ འགན་ཁུར་སྦོམ་འབག་སྟེ་ ཐབས་ཤེས་བཏོན་ ཏེ་ ལཱ་ཚུ་བརྩོན་འགྲུས་བསྐྱེད་ཐོག་ལས་ སློབ་གྲྭ་དང་ ཕམ་སྤུན་ཆ་ དེ་ལས་ གཞུང་ལུ་ ཕན་ཐོགས་ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ གོ་བ་བརྡ་སྤྲོད་ འབད་དོ་ཡོད་མི་ལུ་ དཔེ་བལྟ་སྟེ་ ན་གཞོན་ཚུ་གིས་ འགན་ཁུར་འབག་སྟེ་ ལཱ་འབད་མིའི་ནང་ མནོ་བསམ་གཏང་ཐངས་དང་ བརྩོན་ཤུགས་ དེ་ལས་ རང་གི་རིག་རྩལ་ཚུ་ ག་དེ་སྦེ་སྟོན་ཏེ་ ལཱ་འབད་ཡོདཔ་ཨིན་ན་ ལམ་སྟོན་བཟུམ་ཅིག་སྦེ་ གསར་བཏོན་འབད་ཡོདཔ་ཨིན་པས།
དཔེ་དེབ་གསར་བཏོན་འབད་མི་དང་འཁྲིལ་ དཔེ་དེབ་༡༠ དེ་ཅིག་ གཞི་རྟེན་ཤེས་ཡོན་སྤེལ་ཁང་གི་ ཡོངས་ཁྱབ་མདོ་ཆེན་གྱི་ གཞི་རྟེན་ཤེས་ཡོན་ལྷབ་མི་ཚུ་ལུ་ བྱིན་ཡོདཔ་མ་ཚད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་ ཨིང་སྐད་དང་ རྫོང་ཁ་ནང་ བྲིས་མིའི་དཔེ་དེབ་ཚུ་ བྱིན་ཡི་ཟེར་ཨིན་པས།
བཀོད་ཁྱབ་མདོ་ཆེན་ཨམ་ སེག་ཤཱན་པེག་རྡོ་རྗེ་གིས་ འགོ་འབྱེད་འབད་བའི་སྐབས་ སླབ་མིའི་ནང་ འབྲུག་བརྡ་བརྒྱུད་དང་ དམངས་གཙོ་ལྟེ་བའི་ཁ་ཐུག་ལས་ འགོ་འབྱེད་འབད་མི་དཔེ་དེབ་ཚུ་ ཐེངས་༢ པ་ཨིནམ་ད་ འགོ་འབྱེད་འབད་དགོ་མིའི་ དམིགས་དོན་དེ་ཡང་ ན་གཞོན་དང་ འབྲུག་མི་ཚུ་གིས་ རང་གི་རྒྱལ་ཁབ་ཀྱི་སྐོར་ལས་དང་ སྔར་སྲོལ་ལམ་ལུགས་ ཤེས་རིག་གི་སྤུས་ཚད་ གཡུས་ཚན་དང་ རྫོང་ཁག་གི་ ཁྲིམས་ལུགས་ གཞུང་ ཆོས་སྡེ་ དེ་ལས་ དམངས་གཙོའི་རིང་ལུགས་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ གསར་རྩོམ་འབྲི་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ གློག་མེ་ རང་བཞིན་གནས་སྟངས་ སེམས་ཅན་ དེ་ལས་ དགོས་མཁོ་ཆེ་བའི་ཁྱད་ཆོས་གཞན་ཚུ་ བརྩོན་ཤུགས་བསྐྱེད་ནི་ལུ་ སྤྲོ་བ་ལེན་ཏེ་ འབྲི་བཅུག་ཐབས་ལུ་ འགན་ཁག་འབག་སྟེ་ ཐབས་ཤེས་དང་ རིག་རྩལ་ཚུ་བཏོན་ནིའི་ ལམ་སྟོན་བཟུམ་སྦེ་ གསར་བཏོན་འབད་ཡོདཔ་ཨིན་པས།
དཔེ་དེབ་གསར་བཏོན་གྱི་ འགོ་འབྱེད་འབད་བའི་སྐབས་ ཐིམ་ཕུ་ཁྲོམ་ལས་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ སྤ་རོ་རྒྱལ་ཡོངས་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ ཁས་བླངས་སྡེ་ཚན་ཅིག་གིས་ཡང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
འབྲུག་བརྡ་བརྒྱུད་དང་ དམངས་གཙོ་ལྟེ་བའི་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དཔེ་དེབ་གསར་བཏོན་འབད་མི་ཚུ་ རྫོང་ཁག་༢༠ འི་སློབ་གྲྭ་ཚུ་ནང་ བཀྲམ་སྤེལ་འབད་ནི་དང་ གཞི་རྟེན་ཤེས་ཡོན་སྤེལ་ཁང་ཚུ་ན་ཡང་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment