གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་གསར་པའི་ས་ཁོངས་ ངོས་འཛིན་མ་འབད་ཚུན་ ད་ལྟོའི་ ས་ཁོངས་ནང་ར་ སྡོད་ནི་གི་རེ་བ།

༣༡/༡/༢༠༡༣   རྡོ་རོ་ཁ་ཁྲོམ་གསར་པའི་ས་ཁོངས་ ངོས་འཛིན་མ་འབད་ཚུན་ ད་ལྟོ་ཡོད་མི་ ཚོང་ཁང་ཚུ་ བརྡལ་བཤིག་གཏང་དགོཔ་སྦེ་ མི་སླབ་ཟེར་ དྲུང་པ་ཀུན་བཟང་འཕྲིན་ལས་ཀྱིས་ སླབ་ཨིན་པས།
༉ ད་རེས་ཆགས་ཏེ་ཡོད་མི་ རྡོ་རོ་ཁ་ཁྲོམ་དེ་ རྡོ་རོ་ཁ་སློབ་གྲྭའི་ས་ཁོངས་ནང་ ཚུད་མི་ལུ་བརྟེན་ ཚོང་ཁང་ཚུ་ སྤོ་བཤུད་འབད་དགོཔ་སྦེ་སླབ་སྟེ་ ལོ་༢ ལྷག་ཡོདཔ་ཨིན་པས།
ད་ལྟོ་ཡོད་མི་ རྡོ་རོ་ཁ་ཁྲོམ།


རྡོ་རོ་ཁ་ཁྲོམ་གྱི་ ཚོང་པ་ཚུ་གིས་ ད་ལྟོ་ཆགས་ཏེ་ཡོད་མི་ ཁྲོམ་གྱི་ས་ཁོངས་ནང་ལས་ སྤོ་བཤུད་འབད་དགོ་མ་མནོ་བར་ སྡོདཔ་མེན་པར་ ཁྲོམ་གསར་པའི་ས་ཁོངས་ ངོས་འཛིན་མ་འབད་ཚུན་ ད་ལྟོའི་ ས་ཁོངས་ནང་ར་ སྡོད་ནི་ཨིན་པའི་ བློ་འདོད་བསྐྱེདཔ་ཨིན་པས།
ས་གནས་ཀྱི་ ཚོང་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ད་ལྟོ་ཡོད་མི་ ཁྲོམ་གྱི་ས་ཁོངས་དེ་ སློབ་གྲྭ་ནང་ཚུད་ཡོདཔ་ ཤེས་ཟེར་ཨིནམ་ད་ ཨིན་རུང་ ས་ཁོངས་གསརཔ་ ངོས་འཛིན་མ་འབད་ཚུན་ འབད་ཐབས་ཅིག་ ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཁྲོམ་གྱི་དྲུང་ཆེན་ ཨིན་ད་ར་ལཱལ་ དུང་ག་ན་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་སྤོ་བཤུད་འབད་སའི་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་དེ་ བྱིན་དཔ་འདྲཝ་ཅིག་འབད་བ་ཅིན་ ཁོང་ལུ་ དུས་ཚོད་ཟླཝ་༡ ལས་མ་བྱིན་ཏེ་འབད་རུང་ སྤོ་ཆོག་ཆོ་ཡོད་པའི་སྐོར་ལས་ ཚོང་པ་ཚུ་གིས་ ཁ་ཚིག་བཞག་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་ ཁྲོམ་གྱི་འཆར་གཞི་ཚུ་ ག་ནི་ཡང་ མེད་ནི་དེ་གིས་ དེ་འཕྲོ་ལས་ ཚོང་ཁང་བརྡལ་གཏང་སྟེ་ སྤོ་འགྱོ་ནི་དེ་ དུམ་གྲ་ཅིག་ སྟབས་མི་བདེ་བས་ཟེར་ཨིན་པས།
དྲུང་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཚོང་པ་ཚུ་གིས་ ཚོང་ལཱ་བཀོ་བཞག་སྟེ་ གཡུས་ཁར་ལོག་འགྱོ་བ་ཅིན་ ས་གནས་ནང་ ཚོང་འབྲེལ་ག་ནི་ཡང་ མི་འོང་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ཡོད་པའི་ ས་ཁོངས་ནང་འབད་རུང་ སྣུམ་འཁོར་ལམ་དང་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ ལེགས་ཤོམ་མེད་ཟེར་ཨིན་པས།
ད་ལྟོ་ ཁྲོམ་ཆགས་ཏེ་ཡོད་མི་ ས་ཁོངས་དེ་ ཧེ་མ་ དྲུང་ཁག་གི་ཨིནམ་ད་ ས་ཆ་ཨེ་ཀར་༤ ནང་ ཆགས་ཏེ་ཡོད་མི་ཁྲོམ་དེ་ འགོ་དང་པ་ སྤྱི་ལོ་༡༩༨༤ ལུ་ ཆགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ཁྲོམ་ཆགས་ཏེ་ཡོད་མི་ ས་ཁོངས་དེ་ སློབ་གྲྭ་ནང་ ཚུད་དེ་ཡོད་ཟེར་བའི་ བརྡ་ལེན་འབད་ཡོདཔ་ཨིན་པས།
རྡོ་རོ་ཁ་ཁྲོམ་ཁར་ ཚོང་ཁང་བསྡོམས༢༧ དེ་ཅིག་ཡོདཔ་ད་ གདན་ཆུ་ཁ་རྒེད་འོག་དང་ དུམ་སྟོད་རྒེད་འོག་གཉིས་ཀྱི་ མི་སེར་ཚུ་གིས་ཡང་ ཚོང་འབྲེལ་འཐབ་པར་ འོང་དོ་ཡོདཔ་ཨིན་པས།
ཚོང་པ་ཅིག་ཨིན་མི་ ཤེས་རབ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ ཁྲོམ་གསརཔ་དེ་ ག་ཏེ་སྤོ་བཤུད་འབད་ནི་ཨིན་ན་ དྲུང་ཁག་གི་ཁ་ཐུག་ལས་ གཏན་གཏན་སྦེ་ སླབ་པ་ཅིན་ ཚོང་པ་ཚུ་གིས་ གདམ་ཁ་རྐྱབ་ཞིནམ་ལས་ ཁྲོམ་གསར་པའི་དོན་ལུ་ འོས་འབབ་ཡོད་མེད་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ཏེ་ ད་ལྟོ་ཡོད་མི་ཁྱིམ་ཚུ་ ཉམས་བཅོས་འབད་མ་བཅུག་པར་ བཞག་ཡོདཔ་ལས་ དྲུང་ཁག་གི་ཁ་ཐུག་ལས་ ཚོང་པ་ཚུ་ ས་ཁོངས་དེ་ནང་ར་ སྡོད་ཆོགཔ་ཨིན་ན་དང་ ཡང་ཅིན་ སྡོད་མ་ཆོགཔ་ཨིན་ན་ ཁ་གསལ་སྦེ་ སླབ་ནི་མིན་འདུག་ཟེར་ཨིན་པས།
ཁྲོམ་གསརཔ་པའི་ འཆར་གཞི་ལུ་སྒུག་སྡོད་མི་ ཚོང་ཁང་གི་ ཆོག་ཐམ་འཆང་མི་ ཚོང་པ་༢༡༦ ཡོད་ཟེར་ ཁྲོམ་གྱི་དྲུང་ཆེན་གྱིས་བཤདཔ་ཨིན་པས།
དྲུང་པ་ཀུན་བཟང་འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ཁྲོམ་གསར་པའི་ས་གནས་ཚུ་ ངོས་འཛིན་ འབད་མ་ཚར་ཚུན་ ད་ལྟོ་ཡོད་མི་ ཚོང་ཁང་ཚུ་ བཤུབ་གཏང་དགོ་པའི་སྐོར་ལས་ མི་སླབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་གསར་པའི་དོན་ལུ་ ས་ཆ་ཨེ་ཀར་༤༠ ངོས་འཛིན་འབད་དེ་ཡོད་རུང་ ད་ལྟོ་ གཞུང་གི་གནང་བ་ལུ་ སྒུག་བཞིན་དུ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment