གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནེ་པཱལ་གྱིས་ འབྲུག་ལས་རྒྱལ་ཁ་ཐོབ་ཡོདཔ།

༢༥/༡/༢༠༡༣   ༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ཨེ་ཤེ་ཡཱན་ ཀི་རི་ཀེཊི་ཚོགས་པའི་ ཀི་རི་ཀེཊི་འགྲན་བསྡུར་ནང་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཁ་ཙ་ ནེ་པཱལ་ཨམ་སྲུ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ ཕམ་ཡོདཔ་ཨིན་པས།
འབྲུག་དང་ ནེ་པཱལ་སྡེ་ཚན་གཉིས་ཀྱིས་ རྩེད་འགྲན་འབད་བའི་བསྒང་།


སྤྱིར་བཏང་རྩེད་འགྲན་དེ་ རྒྱུག་འགྲན་ བཱོལ་ཚར་༡༥༠ རྐྱབ་མིའི་ནང་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱི་ རྩེད་འགྲན་པ་༦ ཕྱིར་བཏོན་བཏང་ཡོདཔ་བཞིན་དུ་ ཁོང་གིས་ སྐུགས་༦༥ ལས་བརྒལ་ ཐོབ་མ་ཚུགསཔ་ད་ ནེ་པཱལ་གྱི་སྡེ་ཚན་གྱིས་ རྩེད་འགྲན་པ་༢ བཏོན་བཏང་ཡོད་རུང་ བཱོལ་༡༥༠ རྐྱབ་ནིའི་ སྐོར་ཐེངས་མ་ཚངམ་ལས་ སྡེ་ཚན་གྱིས་ སྐུགས་༦༥ ལས་ལྷག་སྟེ་ ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག།
དེ་བཟུམ་སྦེ་ ཧཱོང་ཀཱོང་གི་སྡེ་ཚན་དང་ མ་ལེ་ཤི་ཡ་ ཐའི་ལེནཊ་དང་ ཀུ་ཝེཊ་ རྒྱ་ནག་དང་ སིངྒ་པུར་ དེ་ལས་ ཨི་རཱན་དང་ ཀ་ཊཱར་ཚུ་གི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་དང་ པའི་ཚེས་༢༣ ལུ་ འབྲུག་པའི་སྡེ་ཚན་གྱིས་ མ་ལེ་ཤེ་ཡའི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཨེ་ཤེ་ཡཱན་ཨམ་སྲུའི་ ཀི་རི་ཀེཊི་རྩེད་འགྲན་ནང་ སྐྱེས་ལོ་༡༩ ཡན་ཆད་ཀྱི་ རྩེད་འགྲན་ནང་ འབྲུག་པའི་སྡེ་ཚན་གྱིས་ བཅའ་མར་གཏོགས་མི་དེ་ དུས་ཅི་ འགོ་དང་པ་ཨིན་པས།
འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༢ ཚུན་ སྐྱེས་ལོ་༡༩ མན་ཆད་ཀྱི་ ཨེ་ཤེ་ཡཱན་ཀི་རི་ཀེཊི་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
ཐའི་ལེན་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འགྲན་བསྡུར་དེ་ནང་ རྒྱལ་ཁབ་༡༡ གིས་ འབྲེལ་གཏོགས་འབད་དོ་ཡོདཔ་ད་ སདབྱེ་རིམ་ཀ་པའི་ནང་ འབྲུག་དང་ ཧཱོང་ཀཱོང་ ནེ་པཱལ་ མ་ལེ་ཤེ་ཡ་ དེ་ལས་ ཡུ་ཨེ་ཨི་རྒྱལ་ཁབ་༥ ཚུད་ཡོདཔ་བཞིན་དུ་ སྡེ་ཚན་ དབྱེ་རིམ་ཁ་པའི་ནང་ རྒྱ་ནག་དང་ ཐའི་ལེན་ སིངྒ་པུར་ ཀུ་ཝེཊ་ ཨི་རཱན་ དེ་ལས་ ཀ་ཊཱར་སྡེ་ཚན་༦ ཚུད་ཡོདཔ་ཨིན་པས།
སྡེ་ཚན་ནང་འཁོད་ལས་ ཕྱིར་འབུད་ ནོག་ཨུའུཊ་རྩེད་འགྲན་འབད་དེ་ དབྱེ་རིམ་༢ ལས་ རྒྱལ་ཁ་འཐོབ་མི་སྡེ་ཚན་༢ རེ་ གདམ་འཐུ་འབད་དེ་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ཞིནམ་ལས་ དྲག་ཤོས་འཐོན་མི་ རྒྱལ་ཁབ་༢ ཀྱི་ མཐའ་བཅའ་འགྲན་བསྡུར་དེ་ སྤྱི་ཟླ་དང་པའི་ཚེས་༣༡ རེས་ལུ་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་པའི་སྡེ་ཚན་གྱིས་ སྤྱི་ཟླ་དང་པའི་ཚེས་༢༧ ལུ་ ཧཱོང་ཀཱོང་སྡེ་ཚན་དང་ སྤྱི་ཟླ་དང་པའི་ཚེས་༢༨ ལུ་ ཡུ་ཨེ་ཨི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིནམ་ལས་ ད་རུང་རྒྱལ་ཁབ་༢ ལས་ རྒྱལ་ཁ་འཐོབ་པ་ཅིན་ མཐའ་བཅད་འོག་མའི་ རྩེད་འགྲན་ནང་ ལྷོད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment