གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁོ་མངགས་དང་བསྟུན་ སྦྱང་རྩི་ལང་མ་ཚུགས་པར་ཡོདཔ།

༣༠/༡/༢༠༡༣   ༉ བུམ་ཐང་ལས་ཐོན་མི་ སྦྱང་རྩི་དེ་ ཡོངས་གྲགས་ཐལ་ཡོད་མི་ལུ་བརྟེན་ མཁོ་མངགས་འབད་མི་ཚུ་ལུ་ ད་ཚུན་གྱི་བར་ན་ ཚར་ཅིག་ཡང་ སྦྱང་རྩི་ལངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྦྱང་ཚང་ནང་ལས་ སྦྱང་རྩི་བཏོན་པའི་བསྒང་།


སེར་སྦྱངམ་གསོ་སྐྱོང་ཚོགས་པའི་ཁྲི་འཛིན་ ཊེག་བྷ་དུར་ ཕུ་ལ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༩༠ ལས་ གསོ་སྐྱོང་ཚོགས་པ་དེ་ གཞི་བཙུགས་འབད་བའི་ཤུལ་ལུ་ ད་ཚུན་ སྦྱང་རྩི་གི་ མཁོ་མངགས་འབད་མི་དང་བསྟུན་ བཀྲམ་སྤེལ་འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྦྱང་རྩི་མང་སུ་སྦེ་ ཐོན་སྐྱེད་འབད་ཐབས་ལུ་ བུམ་ཐང་ལུང་ཕྱོགས་ལས་ སྦྱངམ་གི་ཚང་མང་སུ་བཟོ་དོ་ཡོདཔ་ཨིན་རུང་ དེ་གིས་ཡང་ ཕན་ཐོགས་སྦོམ་ཅིག་ བྱུང་མ་ཚུགས་མི་དེ་ ས་ཁོངས་ཅིག་ནང་ལུ་ སྦྱང་ཚང་མང་དྲགས་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཊེག་བྷ་དུར་ ཕུ་ལ་མི་གིས་འབད་བ་ཅིན་ ལུང་གཤོང་དེ་ནང་ ད་ལྟོ་ སྦྱང་ཚང་༡༠༠༠ ལྷགཔ་ཅིག་ལུ་ ཡར་སེང་འབད་ཡོདཔ་ཨིན་རུང་ ལུང་གཤོང་དེ་ནང་ བཟོ་སྐྲུན་གྱི་ལཱ་འབད་མི་ མང་སུ་དང་ ལོ་ཐོག་བྱཱོ་གི་ལཱ་འབད་མི་ ཉུང་སུ་འགྱོ་ནི་དེ་གིས་ སྦྱང་རྩི་གི་ཐོན་སྐྱེད་དེ་ ལོ་བསྟར་བཞིན་དུ་ མར་བབས་འགྱོཝ་མས་ཟེར་ སླབ་ཨིན་པས།
འདས་པའི་ལོ་ངོ་དག་པ་ཅིག་ནང་ སྦྱང་ཚང་ཅིག་ལས་ སྦྱང་རྩི་ཀེ་ཇི་༦༠ དེ་རེ་ ཐོན་དོ་ཡོད་མི་དེ་ ད་རེས་ནངས་པ་ འབད་བའི་བསྒང་ལས་ ཀེ་ཇི་༢༥ ལྷགཔ་རེ་ལས་བརྒལ་ མི་ཐོན་དོ་ཡོད་པའི་ཁར་ ལོ་བསྟར་བཞིན་དུ་ དོམ་གྱིས་གནོདཔ་བཀལ་མི་ལུ་བརྟེན་ ཐོན་སྐྱེད་ལུ་ བར་ཆད་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ ལོ་བསྟར་གྱི་མཁོ་མངགས་འབད་མི་དང་བསྟུན་ བཀྲམ་སྤེལ་འབད་མི་ཚུགས་དོ་ཡོདཔ་ད་ དུས་ཅི་ལོའི་ ཐོན་སྐྱེད་དེ་ཡང་ ད་ལྟོ་ལས་ བཙོང་ཚར་ཡོདཔ་བཞིན་དུ་ ཐིམ་ཕུ་དང་ སྤ་རོ་ དེ་ལས་ ས་གནས་གཞན་ཁ་ལས་ མཁོ་མངགས་འབད་མི་ཚུ་ བཀྲམ་སྤེལ་འབད་མ་ཚུགས་ཟེར་ ཕུ་ལ་མི་གིས་བཤད་ཅི།
དུས་ཅི་ལོ་ནང་ ཐིམ་ཕུ་ཁྲོམ་ཁ་ལས་ ཚོང་དཔོན་ཚུ་གིས་ སྦྱང་རྩི་ མེ་ཊིག་ཊོན་༢༠ དེ་ཅིག་དགོ་པའི་ མཁོ་མངགས་འབད་ཡོད་རུང་ ཧེ་མ་ལས་ བཙོང་ཚར་ནི་དེ་གིས་ བྱིན་མ་ཚུགས་ཟེར་ཨིནམ་ད་ ཤུལ་ལས་འབད་རུང་ བྱིན་ཚུགས་པའི་འོས་འབབ་མིན་འདུག་ཟེར་ཨིན་པས།
མཁོ་མངགས་འབད་མི་ཚུ་ ལངམ་སྦེ་བཀྲམ་སྤེལ་འབད་ཐབས་ལུ་དམིགས་ཏེ་ ཧཱ་རྫོང་ཁག་ནང་ཡང་ སེར་སྦྱངམ་ཚུ་ གནས་སྐབས་ཀྱི་དོན་ལུ་ འབག་ནི་གི་ལས་རིམ་ཡོད་རུང་ དེ་གིས་ཡང་ ག་དེ་སྦེ་ ལང་ཚུགས་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།
ད་ལྟོའི་ཐབས་ལམ་དེ་གིས་ ཟླཝ་དག་པ་ཅིག་གི་ཧེ་མ་ལས་ སྦྱང་རྩི་འཐོན་ནི་ཨིནམ་ལས་ དུམ་གྲ་ཅིག་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་པའི་ཁར་ ཡུན་བརྟན་ཡང་ བཞག་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཧཱ་ལུ་ གནས་སྤོ་འབག་མི་གིས་ སྤྱི་ཟླ་༤ པའི་ ཟླ་མཇུག་ཁམས་ལས་ སྦྱང་རྩི་འཐོན་ནི་ཨིནམ་ད་ སྤྱི་ཟླ་༦ པའི་ནང་ བུམ་ཐང་ལུང་གཤོང་ནང་ ཡོད་མི་ཚུ་ལས་ འཐོན་ནི་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment