གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་འཇོ་ལུ་ སྒྲིང་ཁྱིམ་ཇོ་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་བའི་དཀའ་ངལ།

༢༡/༡/༢༠༡༣   ༉ དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་ནང་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ ཇོ་བདག་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་དོ་ཡོདཔ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྟོད་ཀྱི་ཇོ་བདག་ཅིག་གིས་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༧,༠༠༠ འབད་མི་དེ་ དངུལ་ཀྲམ་༨,༠༠༠ ལུ་ ཡར་སེང་འབད་ནི་དེ་གིས་ ཁང་གླ་ནང་སྡོད་མི་ཚུ་ སེམས་མ་དགའ་བར་ཡོདཔ་ཨིན་པས།
འཇིགས་མེད་ཐང་ཀ་ལུ་ ལས་འགུལ་དང་པའི་སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་།


ཡར་སེང་འབད་དགོ་པའི་ རྒྱུ་རྐྱེན་ངོ་མ་ར་ ཇོ་བདག་ཚུ་གིས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ ཁང་གླ་ལུ་བརྟེན་ འོང་འབབ་བཟོ་ནིའི་ དམིགས་གཏད་བསྐྱེད་ནི་དེ་གིས་ཨིནམ་ད་ དེ་ཡང་ ཁང་གླར་སྡོད་མི་ མང་ཤོས་ར་ ལོ་༢ དང་༣ གྱི་ཤུལ་ལས་ བ་འཇོ་ཁྲོམ་ནང་ལས་ འཐོན་འགྱོ་བའི་སྐབས་ ཁོང་གི་འོང་འབབ་ལུ་ ཐོ་ཕོག་ནི་ཨིན་པས།
ཁང་གླར་སྡོད་མི་ བརྒྱ་ཆ་༩༠ དེ་ཅིག་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ཨིནམ་ལས་ ད་ལྟོ་ དགའ་སེང་ཚོ་འོགམ་རྒེད་འོག་ འཇིགས་མེད་ཐང་ཀ་ལུ་ བཟོ་སྐྲུན་འབད་དོ་ཡོད་མི་ ལས་འགུལ་དང་པའི་སྒྲིང་ཁྱིམ་ནང་ ལ་ལུ་ཅིག་གིས་ དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ སྤོ་བཤུད་འབད་ཚུགས་ནི་ཨིན་པས།
ཁྱིམ་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་རྐྱབ་པའི་སྐབས་ བསྐྱིན་འགྲུལ་ལེན་མིའི་དོན་ལུ་ ཁང་གླ་ལེན་མི་དེ་གིས་ ཟླ་རིམ་གྱི་ སྤྲོད་འཐུས་ཚུ་ཡང་ སྤྲོད་མ་ཚུགས་པའི་དཀའ་ངལ་ཡོདཔ་ད་ སྐྱེས་ལོ་༤༥ ལང་མི་ ཕུར་པ་སྒྲོལ་མ་གིས་ སླབ་མིའི་ནང་ ལོ་༡ ལྷགཔ་ཅིག་གི་རིང་ དངུལ་ཁང་ནང་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤ ལེན་མི་དེ་གི་ ཟླ་རིམ་སྤྲོད་འཐུས་དངུལ་ཀྲམ་༦༠,༠༠༠ བཏབ་མ་ཚུགས་པར་ ཕོ་རྒནམ་ལས་ ཆ་རོགས་ལེན་དགོཔ་ ཐོན་ཡི་ཟེར་ཨིན་པས།
དེ་ཡང་ མོ་གི་སྒྲིང་ཁྱིམ་ ཁང་མིག་༥ འབད་མི་དང་ ཚོང་ཁང་༢ ཁང་གླར་སྤྲོད་མི་ལས་ དངུལ་ཀྲམ་༤༠,༠༠༠ ཐོབ་མི་དེ་གིས་ ལང་མ་ཚུགསཔ་ལས་ ཕོ་རྒནམ་གིས་ དངུལ་ཀྲམ་༢༠,༠༠༠ བཏབ་ནི་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཕོ་རྒནམ་གིས་ ཆ་རོགས་འབད་མ་དགོ་པར་ ཟླཝ་དག་པ་ཅིག་སོང་ཡོདཔ་ད་ དེ་ཡང་ མོ་གིས་ ཁང་མིག་༡  ཚོང་ཁང་གི་དོན་ལུ་ ཁང་གླར་བཏང་མི་ལས་ དངུལ་ཀྲམ་༢༠,༠༠༠ ཐོབ་ཚུགས་ནི་དེ་གིས་ ཟླ་རིམ་གྱི་སྤྲོད་འཐུས་ བཏབ་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ མོ་གི་དཀའ་ངལ་དེ་ མཇུག་བསྡུ་ཚུགས་པའི་གོ་སྐབས་མེདཔ་ད་ དེ་ཡང་ ལོ་༡ དང་༢ ཀྱི་ནང་འཁོད་ལས་ མོ་གི་ སྒྲིང་ཁྱིམ་ནང་སྡོད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ལས་བྱེདཔ་ཅིག་ འཇིགས་མེད་ཐང་ཀ་ལུ་ སྡོད་ཁྱིམ་དག་པ་ཅིག་ དུས་ཅི་ སྤྱི་ཟླ་༨ པའི་ནང་ བསྒྲུབ་ནི་ཨིན་མི་དེ་ནང་ འགྱོ་ནི་ཨིནམ་ལས་ དེ་བསྒང་ མོ་གི་འོང་འབབ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༧,༥༠༠ མར་འབབ་འགྱོ་ནི་ཨིན་པས།
དེ་བསྒང་ལས་ དཀའ་ངལ་དེ་ བ་འཇོ་ཁྲོམ་ལུ་ཡོད་པའི་ སྒྲིང་ཁྱིམ་གྱི་ཇོ་བདག་ ལེ་ཤ་ཅིག་ལུ་ འབྱུང་ནི་ཨིནམ་ད་ ཁོང་གིས་ དངུལ་ཁང་ཚུ་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ ལས་༩ གི་བར་ན་ལེན་ཏེ་ སྒྲིང་ཁྱིམ་རྐྱབ་མི་ལུ་བརྟེན་ བསྐྱིན་ཚབ་བཏབ་ནིའི་ འབྱུང་ཁུངས་ངོ་མ་ར་ ཁང་གླ་རྐྱངམ་གཅིག་ཨིན་རུང་ ཁང་གླ་ནང་སྡོད་མི་ཚུ་ འཐོན་འགྱོ་བའི་བསྒང་ལས་ བསྐྱིན་འགྲུལ་གྱི་གནས་ཡུན་ ལོ་༢༠ དང་༢༥ གྱི་བར་བཏབ་ནི་ལུ་ བར་རྐྱེན་རྐྱབ་ནིའི་ཉེན་ཁ་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ སླབ་མི་དང་འཁྲིལ་རུང་ ལོ་དག་པ་ཅིག་གི་རྒྱབ་ལས་ བ་འཇོ་ཁྲོམ་གྱི་ དཔལ་འབྱོར་གནས་ཚད་ལུ་ ཐོ་ཕོག་ནི་མས་ཟེར་ཨིནམ་ད་ དེ་ཡང་ སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ སྡོད་ཁྱིམ་གྱི་ཁང་མིག་༥༤༠ པོ་དེ་ སང་ཕོད་ལས་ ག་ར་བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ བ་འཇོ་ལུ་སྡོད་མི་ཚུ་གིས་ དེ་ནང་ སྤོ་འགྱོ་ནི་ཨིན་པའི་ཁར་ ལས་འགུལ་༢ པའི་དོན་ལུ་ཡང་ ཁང་མིག་༤༤༠ རྐྱབ་པའི་སྐབས་ལས་ ལས་འགུལ་གྱི་ལས་བྱེདཔ་ག་ར་ སྡོད་ཁྱིམ་ནང་སྤོ་ནི་ཨིན་པས།
ལས་འགུལ་༢ པའི་ སྒྲིང་ཁྱིམ་ཚུ་ བ་འཇོ་ཁྲོམ་ལས་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་ཁར་ ཨུ་མ་དགེ་ཆུ་ཐང་ནང་ བཟོ་སྐྲུན་འབད་ནི་ཨིན་པས།
ད་རེས་ ལས་འགུལ་གྱི་ལས་བྱེདཔ་ཚུ་ལུ་ ཁང་གླའི་འཐུས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་གྱི་ཐོག་ལུ་ བརྒྱ་ཆ་༢༠ དང་༤༠ གི་བར་ན་ ཐོབ་དོ་ཡོདཔ་ཨིན་རུང་ གནས་རིམ་ཆུང་བའི་ལས་བྱེདཔ་ཚུ་ལུ་ འཐུས་ཀྱིས་ཁེ་ཕན་སྦོམ་མེདཔ་ད་ ལས་བྱེདཔ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ཁོ་གིས་ ཟླ་རིམ་དངུལ་ཀྲམ་༧,༥༠༠ སྤྲོད་དོ་ཡོད་རུང་ ཁང་གླའི་འཐུས་དེ་ དངུལ་ཀྲམ་༥,༠༠༠ ལས་ ཐོབ་ནི་མེདཔ་ལས་ ལས་འགུལ་གྱི་སྡོད་ཁྱིམ་ནང་ སྤོ་ནིའི་རེ་བ་ཡོད་ཟེར་ཨིན་པས།
བ་འཇོ་ཁྲོམ་སྡེའི་འཐུས་མི་ རིན་ཆེན་ནོར་བུ་གིས་ སླབ་མིའི་ནང་ ལས་འགུལ་གྱི་ སྒྲིང་ཁྱིམ་ས་ཁོངས་༢ ཆ་རའི་ནང་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ བ་འཇོ་ཁྲོམ་གྱི་ ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་ལེན་པའི་སྐབས་ གཏའ་མ་སྦེ་ སྒྲིང་ཁྱིམ་བཙུགས་མི་ཚུ་ གཞུང་བཞེས་འབད་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་བཞེས་བཏང་རུང་ དེ་གིས་ སྤྱིར་བཏང་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་ཚད་ལུ་ ཐོ་ཕོག་འོང་ཟེར་ཨིནམ་ད་ དེ་ཡང་ གཏའ་མ་དེ་ དངུལ་གྱི་གནས་ཚད་མིན་པར་ རྒྱུ་དངོས་ཨིནམ་ལས་ དངུལ་ཁང་ཚུ་ལུ་རྒུད་ཕོག་འོང་ཟེར་ཨིན་པས།
འཐུས་མི་གིས་འབད་བ་ཅིན་ དེ་བཟུམ་གྱི་ དཀའ་ངལ་བསལ་ནིའི་དོན་ལུ་ གཞུང་གིས་ ཐབས་ལམ་བཏོན་དགོཔ་ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment