གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་འབྲུག་གི་ ས་མཚམས་འཛིན་སྐྱོང་དང་ཉེན་སྲུང་གི་ ཞལ་འཛོམས།

༣༡/༡/༢༠༡༣    ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱ་གར་གྱི་ ནང་སྲིད་ལྷན་ཁག་འོག་ ས་མཚམས་འཛིན་སྐྱོང་གི་དྲུང་ཆེན་ ཨེ་ཀེ་ མཱན་གོ་ཊ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱ་གར་གྱི་ ས་མཚམས་འཛིན་སྐྱོང་གི་དྲུང་ཆེན་ ཨེ་ཀེ་ མཱན་གོ་ཊ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།


དྲུང་ཆེན་ཨེ་ཀེ་ མཱན་གོ་ཊ་གིས་ རྒྱ་འབྲུག་གི་ ས་མཚམས་འཛིན་སྐྱོང་དང་ཉེན་སྲུང་གི་ ཞལ་འཛོམས་ཐེངས་༨ པ་ འཚོགས་ནིའི་དོན་ལུ་ འཐུས་མི་༨ འགོ་ཁྲིད་འབད་དེ་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ ཐིམ་ཕུ་ལུ་ ལྷོད་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ འཐུས་མི་སྡེ་ཚན་ལུ་ བྱོན་ལེགས་ཞུཝ་དང་འབྲེལ་ ཕན་ཚུན་བར་ན་ ཚ་གྱང་ཆེ་བའི་ གནད་དོན་ཐོག་ལུ་ དོན་སྨིན་ཅན་གྱི་ གསུང་གྲོས་གནང་ཚུགས་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
དེ་མ་ཚད་ ས་མཚམས་འཛིན་སྐྱོང་གི་ ཞལ་འཛོམས་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ དམིགས་བསལ་གྱི་ མཐུན་ལམ་དམ་ཟབ་བཟོ་ནི་ལུ་ གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment