གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ བསྐྱར་བཟོ་འབད་ནི་ཨིནམ།

༢༥/༡/༢༠༡༣   ༉ འབྲུག་གི་ལྟ་བཤལ་འཆར་གཞི་ལུ་ ལམ་སྟོན་འབད་ནི་ཨིན་མི་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་༢༠༡༢ ཅན་མ་དེ་ ཆ་འཇོག་འབད་ནིའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ བཏང་ཡོདཔ་ཨིན་པས།


འབྲུག་ལྟ་བཤལ་ཚོགས་པའི་ དྲུང་ཆེན་ཡིག་ཚང་གིས་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་དེ་ འདས་པའི་ཟླཝ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ད་ལྟོ་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དོ་ཡོདཔ་མ་ཚད་ ལྟ་བཤལ་ལས་སྡེ་གི་ ཇོ་བདག་ཚུ་ལས་ བསམ་འཆར་ཚུ་ཡང་ ལེན་དོ་ཡོདཔ་ཨིན་པས།
ལྟ་བཤལ་གྱི་ སྲིད་བྱུས་ཚུ་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ འབྲུག་ལྟ་བཤལ་ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ འཚོགས་པའི་སྐབས་ལུ་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ དྲུང་ཆེན་ཡིག་ཚང་ནང་ལས་ ག་ཡང་ཕྱད་མ་ཚུགས་ཏེ་འབད་རུང་ ལྟ་བཤལ་སྲིད་བྱུས་མགྲོན་སྐྱོང་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ཀྱི་ གྲོས་འཆར་བཙུགས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་ ལྟ་བཤལ་གོང་འཕེལ་དེ་ ཡུན་བརྟན་སྦེ་བཞག་ཐབས་ལུ་ ཨིན་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ཕུལ་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྲིད་བྱུས་དེ་ ལྟ་བཤལ་གོང་འཕེལ་གཏང་ནི་དང་ ལྟ་བཤལ་གྱི་ ཞབས་ཏོག་བྱིན་མི་ཚུ་ལུ་ ལམ་སྟོན་བཟུམ་ཅིག་སྦེ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་དེ་ འགོ་དང་པ་ སྤྱི་ལོ་༢༠༠༥ ལུ་ ལྟ་བཤལ་ལས་ཁུངས་དེ་ བསྟན་རྒྱས་ལྷན་ཁག་གི་འོག་ལུ་ཡོདཔ་ད་ ཟིན་བྲིས་བཀོད་ཡོདཔ་ཨིན་པས།
ཟིན་བྲིས་ཀྱི་ མཐའ་དཔྱད་དེ་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ སྤྲོད་ཡོདཔ་ཨིན་པས།
མ་གཞི་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ངོས་ལེན་འབད་ཡོདཔ་ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ཆ་འཇོག་མ་གནངམ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལྟ་བཤལ་པའི་དཔྱད་ཡིག་མེད་པའི་ཤུལ་ལུ་ ལྟ་བཤལ་སྲིད་བྱུས་ཀྱི་ ཟིན་བྲིས་དེ་ བསྐྱར་བཟོ་འབད་ནིའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ བཏང་ཡོདཔ་ཨིན་པས།
བསྐྱར་བཟོ་འབད་དེ་ཡོད་མི་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དྲུང་ཆེན་ཡིག་ཚང་གི་ལཱ་ཚུ་ ལྟ་རྟོག་འབད་ནི་ཨིནམ་བཞིན་དུ་ འབྲུག་ལྟ་བཤལ་ཚོགས་པའི་ དྲུང་ཆེན་ཡིག་ཚང་གིས་ ཚོགས་སྡེའི་ལཱ་འགན་ཚུ་འབག་སྟེ་ ཚོགས་སྡེ་གིས་ བཀོད་ཁྱབ་འབད་མི་དང་འཁྲིལ་ཏེ་ སྲིད་བྱུས་དང་ལམ་ལུགས་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ དྲུང་ཆེན་ཡིག་ཚང་གིས་ ཚོགས་སྡེའི་དབང་ཆ་དང་འཁྲིལ་ཏེ་ ལཱ་འགན་དང་ དབང་ཚད་ཚུ་ ལག་ལེན་འཐབ་དགོཔ་ཨིན་པས།
ལྟ་བཤལ་དང་འབྲེལ་བ་ཡོད་པའི་ཚོང་ལཱ་ དཔེ་འབད་བ་ཅིན་ བཟའ་ཁང་དང་ ལྟ་བཤལ་ཚོང་འབྲེལ་ དེ་ལས་ ལྟ་བཤལ་ལམ་སྟོན་པ་ཚུ་ འགོ་བཙུགས་ནིའི་དོན་ལུ་ གནང་བ་དེ་ འབྲུག་ལྟ་བཤལ་ཚོགས་སྡེ་ནང་ལས་ ཞུ་དགོཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ད་རེས་ཀྱི་ ཟླཝ་མ་རྫོགསཔ་ཅིག་ལས་ ལྟ་བཤལ་སྲིད་བྱུས་ཚུ་ བསྐྱར་བཟོ་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment