གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རླུང་འཚུབས་འཕུཝ་ད་ ཤིང་ལེབ་དྲག་དོ་ཡོདཔ།

༢༡/༢༠༡༣   ༉ དང་ཕུའི་ལུགས་སྲོལ་ལས་ ཁྱིམ་ཐོག་ཚུ་ ཤིང་ལེབ་བཀབ་དོ་ཡོདཔ་ལས་ རླུང་འཚུབས་འཕུ་རུང་ ཁྱིམ་ཐོག་ག་ར་ འཕྱག་འབག་མི་ཚུགས་དོ་ཡོདཔ་ད་ ད་རེས་ནངས་པ་ ལྕགས་ཤོག་བཀབ་མི་ལུ་བརྟེན་ རླུང་འཚུབས་འཕུཝ་ད་ ཁྱིམ་ཐོག་ག་ར་ སྟབས་གཅིག་ཁར་ འཕྱགས་འབག་དོ་ཡོདཔ་ཨིན་པས།


འདས་པའི་ཟླཝ་ནང་ ཧཱ་རྫོང་ཁག་ནང་ རླུང་འཚུབས་འཕུ་བའི་སྐབས་ རང་ལུགས་ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ ལྕགས་ཤོག་ཨིནམ་ལས་ རླུང་མ་གིས་ ག་ར་འཕྱགས་འབག་སྟེ་ ལོག་བཀབ་མ་བཏུབ་བཟོ་ཡོདཔ་ཨིན་པས།
ཁྱིམ་གཅིག་གི་ ཇོ་བདག་ཨིན་མི་ སྐྱེས་ལོ་༤༧ ལང་མི་ ཀ་ཀ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ ཁྱིམ་ཐོག་ལྕགས་ཤོག་བཀབ་ད་ ལྕགས་གཟེར་ཚུ་ བརྡབས་ནི་དེ་གིས་ ལྕགས་ཤོག་ཚུ་ རེ་རེ་སྦེ་མེན་པར་ ག་ར་སྟབས་གཅིག་ཁར་ འཕྱགས་འབག་དོ་ཡོདཔ་མ་ཚད་ ལོག་ལག་ལེན་འཐབ་མ་བཏུབ་ བཟོཝ་མས་ཟེར་ཨིན་པས།
བཟོ་བོ་གི་ལཱ་འབད་དེ་ ལོ་ངོ་༢༠ ལྷགཔ་ཅིག་ལང་མི་ ཉིམ་བཙན་སྐྱོགས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རང་ལུགས་ཀྱི་ཁྱིམ་ཚུ་རྐྱབ་ད་ ཤིང་ལེབ་ཀྱི་ ཁྱིམ་ཐོག་བཀབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ མང་ཆེ་ཤོས་ཅིག་གིས་ ལྕགས་ཤོག་ལག་ལེན་འཐབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱིམ་ཐོག་ཤིང་ལེབ་བཀབ་ད་ ལྕགས་གཟེར་མེན་པར་ ཁྱིམ་ཐོག་གུ་ རྡོ་བཀལ་དོ་ཡོདཔ་ལས་ རླུང་འཚུབས་འཕུ་སྟེ་འབད་རུང་ རླུང་ཁ་ཤུགས་ཆེ་ས་ལས་མ་གཏོགས་ ཁྱིམ་ཐོག་ག་ར་ སྟབས་གཅིག་ཁར་ འཕྱགས་མི་འབག་པས་ཟེར་ཨིན་པས།
ཉིམ་བཙན་སྐྱོགས་ཀྱིས་འབད་བ་ཅིན་ མ་གཞི་ ཁྱིམ་ཐོག་བཀག་ནིའི་ཐད་ཁར་ ཤིང་ལེབ་འཇམ་དོ་ཡོདཔ་ཨིན་རུང་ མི་ག་ར་གིས་ ལྕགས་ཤོག་དྲག་པས་ཟེར་ སླབ་ནི་དེ་གིས་ ག་ཏེ་ར་ ཁྱིམ་རྐྱབ་པར་སོང་རུང་ མང་ཤོས་ཀྱིས་ ལྕགས་ཤོག་ར་ བཀབ་མས་ཟེར་ཨིན་པས།
མ་གཞི་ རྐྱེན་ངན་ཚུ་ འབྱུང་བ་བཞིའི་རྐྱེན་ངན་ལས་བརྟེན་བྱུང་དོ་ཡོདཔ་ལས་ བཀག་ཐབས་འབད་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་རུང་ ཧཱ་རྫོང་ཁག་ནང་ ཉིན་གྲངས་༢ ཀྱི་རིང་ རྫོང་ཁག་གི་ བཟོ་བོ་༥༠ དེ་ཅིག་ལུ་ བཟོ་སྐྲུན་ག་ཅི་ར་འབད་རུང་ སྒྲིང་སྒྲིང་དང་ ལེགས་ཤོམ་འབད་ཐངས་ཀྱི་ སྦྱོང་བརྡར་ཅིག་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་འདྲེན་ཐོག་འཐབ་ཅི་ཟེར་ རྫོང་ཁག་གནས་སྡུད་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment