གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་གིས་ སྐུ་༥ འཕྱོག་བཟུང་འབད་ཡོདཔ།

༣༠/༡/༢༠༡༣   ༉ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ སྐུ་རྙིངམ་ཚོང་འབྲེལ་འཐབ་ནིའི་ནང་ དཔའ་བཅམ་འབད་མི་ སྐྱེས་ལོ་༢༧ འབད་མི་ཕོ་སྐྱེས་ཅིག་འཛིན་བཟུང་འབད་དེ་ འདས་པའི་ཟླཝ་༢ ཀྱི་རིང་ དོ་དམ་འོག་ལུ་བཞག་ཡོདཔ་ད་ བཀྲིས་སྒང་གཡང་གཉེར་ལས་ཨིན་མི་ སྐྱེས་ལོ་༢༦ འབད་མི་ ཁོ་གི་ཆ་རོགས་དེ་ འཚོལ་དོ་ཡོདཔ་ཨིན་པས།
འཕྱོག་བཟུང་འབད་མི་སྐུ་འདྲ་ཚུ།


བར་མཚམས་ལས་ཨིན་མི་ སྐྱེས་ལོ་༢༧ ལང་མི་ཕོ་སྐྱེས་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ སྟོན་པའི་སྐུ་དང་ གུ་རུ་པདྨ་འབྱུང་གནས་ རྡོར་གདན་མའི་སྐུ་༢ དེ་ལས་ ཚེ་དཔག་མེད་ཀྱི་སྐུ་ཚུ་ ཆུ་ཤོག་ཇོ་ལ་ནགཔོ་ཅིག་ནང་ སྤུར་ཐོག་ལས་ ནོར་བུ་གླིང་སེར་གཞོང་རྒེད་འོག་ལས་འབག་སྟེ་ དགེ་ལེགས་ཕུག་ཁ་ཐུག་ལུ་འགྱོ་བའི་སྐབས་སུ་ འཛིན་བཟུང་འབད་ནུག།
ཕོ་སྐྱེས་དེ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཡང་གཉེར་ལས་ཨིན་མི་ ཁོ་རའི་ཆ་རོགས་ཚེ་དབང་བསྟན་འཛིན་གྱིས་ སྐུ་ཚུ་བྱིན་བྱིནམ་ཨིན་ཟེར་སླབ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ མི་དེ་ བདའ་མ་ཟུན་པར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་སླབ་མིའི་ནང་ ཁོང་གིས་ བཀྲིས་སྒང་གི་ཁྲིམས་སྲུང་འགག་པ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ཁོང་གིས་ གཡང་གཉེར་ལུ་སོང་ཡོདཔ་ཨིན་རུང་ ཚེ་དབང་བསྟན་འཛིན་གྱི་བཟའ་ཚང་གིས་ ཁྲིམས་སྲུང་འགག་པ་ལུ་ ཕོ་སྐྱེས་དེ་ སྤུ་ན་གཙང་ཆུ་ལས་འགུལ་ནང་ དེད་གཡོག་པའི་ལཱ་འབད་དེ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ དབང་འདུས་ཕོ་བྲང་ལུ་ཡོད་པའི་ ཁྲིམས་སྲུང་འགག་པ་ལས་གྲོགས་རམ་ལེན་ཐོག་ལས་ ཁྲིམས་སྲུང་འགག་པ་གིས་ དྲི་ཞིབ་འབདཝ་ད་ སྤུ་ན་གཙང་ཆུའི་ལས་འགུལ་འགོ་དཔོན་གྱིས་འབད་བ་ཅིན་ ཚེ་དབང་བསྟན་འཛིན་ཟེར་མི་ ཁོང་གི་ལས་འགུལ་ནང་ མེད་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ཚེ་དབང་བསྟན་འཛིན་ཟེར་མིའི་པར་ཚུ་བསྐྱལ་བཏང་ཡོད་རུང་ མི་དེ་འཚོལ་མ་ཐོབ་ཟེར་ཨིན་པས།
ད་ལྟོ་ སྐུ་རིན་གོང་དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་གནས་ནི་ཨིན་མི་དེ་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་བཞག་ཡོདཔ་ད་ ཁྲིམས་སྲུང་འགག་པ་དང་ ནང་སྲིད་ལྷན་ཁག་གི་འགོ་དཔོན་ཚུ་གིས་ སྐུ་དེ་ག་ཏེ་ལས་འབག་འོང་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱི་ ལམ་སྲོལ་ཅ་རྙིང་སྡེ་ཚན་གྱི་གཙོ་འཛིན་འགོ་དཔོན་ ཚེ་དབང་རྒྱལ་པོ་གིས་སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་ མི་མང་དང་ སྒེར་སྡེ་ རྒྱལ་ཁམས་ཀྱི་བདག་དབང་ལུ་ཡོད་པའི་སྐུ་འདྲ་ཚུ་ ལས་ཁུངས་ནང་ཐོ་བཀོད་འབད་ཡོད་རུང་ ངོས་འཛིན་འབད་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཅ་རྙིང་གི་གོང་ཚད་ཚུ་ཡང་ གཞུང་གིས་བཀྲམ་སྤེལ་འབད་མི་ ལམ་སྟོན་ལུ་གཞི་བཞག་ཐོག་ལས་ ཚོགས་ཆུང་གིས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
དེ་ཡང་ སྐུ་དེ་གི་ལྗིད་ཚད་དང་ རྒྱུ་ག་ཅི་གིས་བཟོ་ཡོདཔ་ཨིན་ན་ དེ་ལས་ ལོ་ག་དེམ་ཅིག་སོང་ཡོད་ག་ཚུ་དང་འཁྲིལ་ གནས་གོང་ཚུ་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment