གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ མི་སྡེ་གོང་འཕེལ་ལུ་ གོ་སྐབས་འདྲ་མཉམ་གྱི་ དམིགས་གཏད་གསལ་སྟོན།

༢༦/༡/༢༠༡༣   ༉ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ གོང་འཕེལ་གྱི་དོན་ལུ་ གཙོ་བོ་ར་ མི་སེར་ལུ་ དབང་ཚད་སྤྲོད་ནི་དེ་ཨིནམ་ད་ དེ་ཡང་ དབུལ་ཕོངས་མར་ཕབ་དང་ འཕྲོད་བསྟེན་སྒྲིང་སྒྲིང་ མ་འོངས་པའི་དོན་ལུ་ རེ་འདོད་འགྲུབ་ཚུགས་པའི་ མི་ཚེའི་གནས་སྟངས་ལུ་ དམིགས་གཏད་བསྐྱེད་ནི་དེ་ཨིན་ཟེར་ ཁ་ཙ་ བརྡ་བརྒྱུདཔ་ཚུ་ལུ་བཏང་མི་ ཚོགས་པའི་གནས་ཚུལ་གསར་སྟོན་ཅིག་ནང་ བཀོད་ནུག།


དེ་ཡང་ ཚོགས་པའི་གནས་ཚུལ་གསར་སྟོན་དང་འཁྲིལཝ་ད་ ཚོགས་པ་དེ་གིས་ ཡུན་བརྟན་གོང་འཕེལ་ལུ་གཙོ་བོར་སྟོན་ཐོག་ལས་ གོང་འཕེལ་གྱི་ལས་རིམ་ཚུ་ འཕྲལ་དང་ཕུགས་ཀྱི་དོན་ལུ་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་ཐོག་ དཔལ་འབྱོར་དང་ མི་སྡེའི་གནས་སྟངས་ གོང་འཕེལ་བཏང་ནི་ལུ་ གཙོ་བོར་གཏོན་ནི་ཨིན་ཟེར་ཨིན་པས།
ཚོགས་པ་གིས་ སྒེར་གྱི་མ་རྩ་གཞི་བཙུགས་འབད་མི་ སྒེར་སྡེ་ཚུ་ལུ་ ཁེ་ཕན་རྒྱ་ཆེ་དྲགས་བྱུང་ཐབས་ལུ་ གཙོ་བོར་གཏོན་ནི་ཟེར་ཨིན་པའི་ཁར་ ས་གནས་ཀྱི་ མི་སྡེ་དང་ མཐའ་འཁོར་ལུ་ ཉམས་ཉེན་མེད་པའི་ ཉམས་སྲུང་དང་ལྡན་པའི་ ཐབས་ལམ་ཚུ་ གཞི་བཀོད་འབད་ཡི་ཟེར་ཨིན་པ།
ཚོགས་པ་གིས་འབད་བ་ཅིན་ གདོང་ལེན་ག་ཅི་ར་འཐོན་ཏེ་འབད་རུང་ མཉམ་འབྲེལ་ཐོག་ འགན་ལེན་འབད་དེ་ ཐབས་ཤེས་གཏོན་ནི་དང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་བཟུམ་སྦེ་ འགན་འཁྲི་འབག་དགོཔ་ལས་ སྲིད་དོན་ལས་ལྷགཔ་སྦེ་ མི་སེར་དང་ རྒྱལ་ཁབ་དེ་ གཙོ་ཅན་ཅིག་སྦེ་ ཆ་གནས་ཐོག་ འགན་འཁྲི་ཚུ་ འབག་འོང་ཟེར་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ གོ་སྐབས་འདྲ་མཉམ་ཟེར་བའི་ལས་རིམ་ཐོག་ འབྲུག་མི་ ཆེ་འབྲིང་ཆུང་གསུམ་ག་ར་ལུ་ ཕུན་སུམ་ཚོགས་ཚུགས་པའི་ གོ་སྐབས་འདྲ་མཉམ་བྱིན་ནི་དང་ མི་མང་གི་གཙུག་སྡེ་ཁག་ཚུ་ནང་ བསྒྱུར་བཅོས་འབད་དེ་ མི་སེར་ཚུ་ལུ་ རིག་རྩལ་གྱི་ལྕོགས་གྲུབ་ གོང་འཕེལ་བཏང་ནི་དེ་ ཚོགས་པའི་དམིགས་གཏད་གཙོ་བོ་ཅིག་ཨིན་ཟེར་བཀོད་ནུག།
ཚོགས་པ་གིས་ ད་ཚུན་ འབྲུག་གི་དབུ་ཁྲིདཔ་ཚུ་གིས་ མཛད་བཞག་མིའི་ གོང་འཕེལ་གྱི་གནས་རིམ་ལུ་ གུས་བསྐུར་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ གོང་འཕེལ་གྱི་གནས་རིམ་དེ་ ལྷག་པར་དུ་ རྒྱ་བསྐྱེད་གཏང་ནི་ཨིནམ་ད་ ཚོགས་པ་གིས་ ད་ལྟོའི་དཔལ་འབྱོར་གནས་སྟངས་ལུ་ གདོང་ལེན་འབད་དེ་ ལེགས་བསྒྱུར་གཏང་ནི་དང་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ རྒྱ་བསྐྱེད་གཏང་ནི་དེ་ གནད་དོན་གལ་ཅན་ཅིག་སྦེ་ གཙོ་བོར་གཏོན་ནི་ཨིན་ཟེར་ གནས་ཚུལ་གསར་སྟོན་ནང་ བཀོད་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment