གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༡ ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༢༦/༡/༢༠༡༣   ༉ ཆུ་ཁ་རྫོང་ཁག་ བསམ་འཕེལ་གླིང་རྒེད་འོག་ལས་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ཚོགས་ཀྱིས་ གྲོས་ཐག་བཅད་པའི་ཚད་གཞི་ལས་ལྷག་སྟེ་ ཏམ་ཁུ་འཆང་སྤྱོད་འབད་མི་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ ཁ་ཙ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༦ ལུ་ ལཱལ་མཱན་རའེ་གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ཏམ་ཁུ་སི་ག་རེཊ་ ཕེ་ལེག་ཤོག་སྒམ་༥༠ དང་ བཅུ་རྡོག་༥༠༠ དེ་ལས་ བི་རི་ཤོག་སྒམ་༡༢༠ འབདཝ་ད་ ཏམ་ཁུའི་རིགས་མ་འདྲཝ་༢ ལུ་ རིན་གོང་དངུལ་ཀྲམ་༡,༥༠༠ སྤྲོད་དེ་ འབག་འོང་ནུག།
རྩོད་ཟླ་དེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༩ ཚུན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ སྡོད་ཡོདཔ་ལས་ ལྷག་ལུས་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༡༡ ཞག་གྲངས་༧ བཙོན་ཁྲིམས་ འབག་དགོཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

3 comments: