གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་པ་གིས་ བུམོ་གི་རྨགཔ་བསད་ཡོདཔ།

༢༦/༡/༢༠༡༣  ༉ དབང་འདུས་ཕོ་བྲང་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡ པའི་ཚེས་༢༤ གི་ཕྱི་རུ་ ཀ་གཞི་རྒེད་འོག་ བར་རྩེ་གཡུས་ཚན་ལས་ སྐྱེས་ལོ་༧༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ བུམོ་གི་རྨགཔ་ དམར་བསད་འབད་ཡོད་པའི་ དོགས་པ་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


དོགས་ཅན་དེ་ སྤྱི་ཟླ་༡ པའི་ཚེས་༢༠ ལུ་ རྐྱེན་ངན་བྱུང་བའི་སྐབས་ལས་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ རྐྱེན་ངན་བྱུང་བའི་སྐབས་ལུ་ ཚེ་འདས་དང་ ཁོ་གི་བར་ན་ འཐབ་འཛིང་འབདཝ་ལས་བརྟེན་ གཟུགས་དང་མགུ་ཏོ་གུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ནི་དེ་གིས་ སྨན་ཁང་ནང་ ཉིནམ་༤ དེ་ཅིག་ སྨན་བཅོས་འབད་བའི་ཤུལ་ལས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
དེ་ཚེ་ དོགས་ཅན་དང་ ཁོ་རའི་བུམོ་གི་རྨགཔ་ སྐྱེས་ལོ་༤༥ ལང་མིའི་བར་ན་ ཁ་ཤགས་རྐྱབ་སྟེ་ འཐབ་འཛིང་འབདཝ་ད་ སྒྲོ་གཟུགསམ་བཏོན་ཏེ་ གཅིག་གིས་གཅིག་ལུ་རྐྱབ་པའི་སྐབས་ དོགས་ཅན་གྱིས་ ཚེ་འདས་ཀྱི་ ཕོཝ་གུ་རྐྱབ་སྟེ་ ས་གོ་ནང་ར་ དམར་བསད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་ཀྱི་གཟུགས་ཁར་ རྨ་སྐྱོན་ཁག་༥ ལྷགཔ་ཅིག་ བཏོན་ནུག་ཟེར་ཨིནམ་ད་ དེ་བསྒང་ ཚེ་འདས་དེ་ ཆང་འགྲངས་ནུག་ཟེར་ཨིནམ་ད་ རྐྱེན་ངན་བྱུང་སྟེ་ ད་རིས་འབདཝ་ད་ བདུན་ཕྲག་༡ ལང་ཡོད་རུང་ ཚེ་འདས་ཀྱི་ཕུངམ་དེ་ གཟའ་སྐར་ལེགས་ཤོམ་མེད་མི་ལུ་བརྟེན་ ད་རིས་རྐྱངམ་གཅིག་ མེ་སྦྱང་འབད་ནི་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཚེ་འདས་ཀྱི་གནས་ཚང་གིས་ ཉིནམ་དེ་ལུ་ར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ རྩོད་གཞི་དེ་ མི་དམར་བསད་འབད་བའི་ གནད་དོན་གྱི་ཐོག་ལུ་ ཐོ་བཀོད་འབད་ཡོདཔ་ད་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་ངོ་༩ དང་༡༥ གི་བར་ན་ ཕོག་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment