གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པ་གིས་ སྲིད་ཚོགས་༥ པ་སྦེ་ ཐོ་བཀོད་གྲུབ་ཡོདཔ།

༡༩/༡/༢༠༡༣   ༉ ད་རུང་ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ དང་འདོད་ཅན་གྱི་སྲིད་ཚོགས་༥ པ་ འབྲུག་མཉམ་རུབ་ཚོགས་པ་གི་ཐོ་བཀོད་ ཆ་འཇོག་གྲུབ་ཡོད་པའི་ གསལ་བསྒྲགས་འབད་མི་དང་བསྟུན་ འབྲུག་མི་ཚུ་གིས་ དུས་ཅི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྔོན་འགྲོའི་བཙག་འཐུ་སྐབས་ སྲིད་ཚོགས་༥ གི་གྲས་ལས་ གདམ་ཁ་རྐྱབ་དགོ་ནི་ཨིན་པས།


འདས་པའི་བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ སྲིད་ཚོགས་གསརཔ་ བྷུ་ཊཱན་ཀུན་མཉམ་པར་ཊི་དང་ འབྲུག་སྤྱིར་དབང་ཚོགས་པ་ལུ་ ཐོ་བཀོད་ཆ་འཇོག་གྲུབ་པའི་ ལག་ཁྱེར་ཚུ་ ལྷན་ཚོགས་ཀྱིས་ སྤྲོད་ཡོདཔ་ཨིན།
བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་ཆ་འཇོག་གི་ གསལ་བསྒྲགས་འབད་མི་དེ་གིས་ འབྲུག་མཉམ་རུབ་ཚོགས་པ་དེ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་༥ པ་སྦེ་ ཁྲིམས་མཐུན་གྱི་ ངོ་སྦྱོར་འབད་ཡོདཔ་བཞིན་དུ་ དུས་ཅི་ བཙག་འཐུའི་ནང་ འབྲེལ་གཏོགས་ཀྱི་དོན་ལུ་ ཁྲིམས་མཐུན་ཐོག་ གྲ་སྒྲིག་འབད་དེ་ མི་སེར་ཚུ་ལུ་ འོས་ལྡན་གྱི་གདམ་ཁ་ ལྕོགས་གྲུབ་ཅན་ཅིག་སྦེ་ བཙག་འཐུའི་ནང་འབྲེལ་གཏོགས་ཀྱི་ གོ་སྐབས་འཐོབ་ནི་ཨིན་མས་ཟེར་ ཚོགས་པའི་ཁྲི་འཛིན་ འཇིགས་མེད་བཟང་པོ་གིས་ བཤདཔ་ཨིན་མས།
སྲིད་ཚོགས་དེ་གི་ ཐོ་བཀོད་དོན་ལུ་ ཚོགས་པའི་རྩ་ཁྲིམས་ནང་ མིང་ཚིག་ལ་ལུ་ཅིག་ བསྒྱུར་བཅོས་འབད་དགོཔ་ཚུ་དང་གཅིག་ཁར་ གཞན་ཡང་ བཙག་འཐུའི་ཁྲིམས་ལུགས་ལྟར་དུ་ བསྒྱུར་བཅོས་འབད་དགོ་པའི་ གནད་དོན་དག་པ་ཅིག་ཡང་ ཡོདཔ་ཨིན་པས།
དེ་དང་འབྲེལ་ ཚོགས་པ་དེ་གིས་ ད་རུང་ དུས་ཅི་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་ནི་ཨིན་པ་ཅིན་ ད་རུང་ འབད་དགོཔ་ཚུ་ཡོདཔ་ད་ དེ་ཡང་ ཚོགས་པ་གིས་ ལྷན་ཚོགས་ཀྱིས་ དག་བཅོས་འབད་ཡོད་མི་ ཚོགས་པའི་རྩ་ཁྲིམས་དེ་ ཡོངས་ཁྱབ་ཞལ་འཛོམས་ཐོག་ལས་ ཆ་འཇོག་འབད་དགོ་པའི་ཁར་ ཚོགས་པའི་རྩིས་ཁྲ་དང་ ཐོ་བཀོད་ཀྱི་འཐུས་བསྡུ་ལེན་འབད་ཡོད་པའི་ ཁ་གསལ་ འཐུས་མིའི་འཐུས་དང་ ཞལ་འདེབས་མ་དངུལ་ཚུ་གི་ རྩིས་ཁྲ་ཚུ་ ལྷན་ཚོགས་ལུ་ གསལ་བཀོད་འབད་དགོཔ་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཚོགས་པའི་ཐོ་བཀོད་ཅན་གྱི་འཐུས་མི་ཚུ་གི་ ཐོ་དེབ་ཚུ་ གསལ་བཀོད་འབད་དགོ་པའི་ཁར་ ཐོ་དེབ་དེ་ནང་ འོས་འབབ་ཅན་གྱི་ འདེམས་ངོ་༤༧ ཡང་ གསལ་སྟོན་འབད་དགོཔ་ད་ ད་ལྟོ་ ཚོགས་པ་ལུ་ གཏན་འཁེལ་སོང་ཡོད་མི་ འདེམས་ངོ་༤༡ ཡོད་ཟེར་བཤད་ཅི།
ཚོགས་པའི་ཁྲི་འཛིན་ འཇིགས་མེད་བཟང་པོ་གིས་ སླབ་མིའི་ནང་ ཚོགས་པའི་འོས་འབབ་ཅན་གྱི་ འདེམས་ངོ་༤༧ ཚངམ་སྦེ་ཡོདཔ་ཨིན་རུང་ དེ་ཚུ་གི་ནང་ལས་ཡང་ དང་འདོད་ཅན་གྱི་ འདེམས་ངོ་འོས་ལྡན་ཚུ་ ལོག་བཙག་འཐུ་འབད་བའི་བསྒང་ཡོད་ཟེར་ བཤད་པའི་ཁར་ ད་ཚུན་ གཏན་འཁེལ་སོང་མི་ འདེམས་ངོ་ཚུའི་གྲས་ཁར་ སྐྱེས་ལོ་༣༥ ལས་༦༣ གྱི་བར་ན་འབད་མི་ཚུ་ ཡོད་ཟེར་བཤད་ཅི།
ཚོགས་པ་དེ་གི་ ཐོ་བཀོད་སྐབས་ལུ་ རྫོང་ཁག་༢༠ ལས་ ཐོ་བཀོད་ཅན་གྱི་ འཐུས་མི་༡༣༥ ཡོདཔ་ད་ ཚོགས་པ་དེ་གིས་ དུས་ཅི་བཙག་འཐུའི་དོན་ལུ་ དང་འདོད་ཅན་གྱི་ སྲིད་ཚོགས་སྦེ་ཐོན་མི་ དང་པ་ཨིན་རུང་ ཐོ་བཀོད་ཀྱི་དོན་ལུ་ སྲིད་ཚོགས་གཞན་མི་ཚུ་གི་ཤུལ་ལས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་རྐྱངམ་གཅིག་ ཐོ་བཀོད་ཞུ་ཡིག་བཙུགས་ཡོདཔ་ཨིན།
ཚོགས་པ་དེ་གིས་ དུས་སྐབས་གསརཔ་ལུ་ བསམ་ཤེས་གསརཔ་ཟེར་བའི་བརྗོད་དོན་ཐོག་ འབྲུག་གི་མི་སེར་ཚུ་དང་ དོན་ཚན་༧ གྱི་ཁག་འབག་ཟེར་བའི་ གོང་འཕེལ་དམིགས་གཏད་ཚུ་གི་ཐོག་ལུ་ གཞུང་དང་མི་སེར་ལུ་ ཕྱག་ཞུ་ནི་གི་ ལས་རིམ་ཚུ་ཡོདཔ་ཨིན་པས།
ཚོགས་པའི་ཐོ་བཀོད་ལག་ཁྱེར་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ ནངས་པ་ སྤྲོད་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment