གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཚང་༡༡ གིས་ གཱོལ་བིལ་སྒྲིང་གི་ སྒྲིང་ཁྱིམ་ནང་ལས་ ཐོན་འགྱོ་མ་བཏུབ་པའི་དཀའ་རྙོགས།

༢༤/༡/༢༠༡༣   ༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཡིག་ཚང་གིས་ ཕུན་ཚོགས་གླིང་ གཱོལ་བིལ་སྒྲིང་གི་ སྒྲིང་ཁྱིམ་ནང་ ཁང་གླ་ཁར་སྡོད་མི་ བཟའ་ཚང་༡༡ ལུ་ སྤྱི་ཟླ་༡ པའི་ཚེས་༡༩ ཚུན་ དུས་ཚོད་བྱིན་ཐོག་ལས་ སྒྲིང་ཁྱིམ་ནང་ལས་ ཐོན་འགྱོ་དགོཔ་སྦེ་ སླབ་ཡོད་རུང་ ད་ལྟོའི་བར་ན་ཡང་ འགྱོ་མ་བཏུབ་པར་སྡོད་ཡོདཔ་ལས་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཨིན་པས།
གཱོལ་བིལ་སྒྲིང་།


ཕུན་ཚོགས་གླིང་རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལས་ འཛིན་སྐྱོང་པ་ཚེ་རིང་དཔལ་འབྱོར་གྱིས་ ཁྲིམས་ཀྱི་འདུན་སར་ སྙན་ཞུ་ཕུལ་ནི་ཟེར་ཨིནམ་ད་ དེ་ཡང་ ཁོང་ཆ་ཁྱབ་ཀྱིས་ དུས་ཚོད་བྱིན་མི་དང་འཁྲིལ་ཏེ་ ཐོན་འགྱོ་དགོཔ་ཨིན་རུང་ འདི་ལུ་ངོས་ལན་འབད་མ་བཏུབ་ལས་ ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་ལག་ལེན་འཐབ་ནི་ཨིན་ཟེར་ སླབ་ཨིན་པས།
དྲང་དཔོན་ བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ ཁྲིམས་འདུན་ལས་ ཐད་ཀར་དུ་ཉེས་ཁྲིམས་བཀལ་ཐབས་མེད་མི་དེ་ཡང་ ཕུན་ཚོགས་གླིང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ དུས་ཚོད་བྱིན་མི་དང་བསྟུན་ བཟའ་ཚང་ཚུ་གིས་ འགྱོ་བཏུབ་དང་མ་བཏུབ་ཀྱི་སྐོར་ལས་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
ཁྲིམས་ཀྱི་འདུན་སར་ སྙན་ཞུ་འབད་མི་དེ་ ཁྲིམས་ལུགས་དང་འཁྲིལ་ ཐོ་བཀོད་འབད་དེ་ ལཱ་འབད་འོང་ཟེར་ ཁྲིམས་འདུན་ལས་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ གཱོལ་བིལ་སྒྲིང་གི་སྒྲིང་ཁྱིམ་དེ་ དྲུང་ཁག་བདག་སྐྱོང་གིས་ འཛིན་སྐྱོང་འཐབ་པའི་སྐབས་ སྒེར་སྡེ་ནང་ལཱ་འབད་མི་ ཁོང་བཟའ་ཚང་༡༡ ཐོན་འགྱོ་དགོཔ་སྦེ་ སླབ་ཡོད་རུང་ ཁོང་གིས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལུ་ སྐྱིད་སྡུག་ཞུ་སྟེ་ ཟླཝ་༦ ཕར་འགྱངས་དེ་ སྡོད་ཆོག་པའི་གནང་བ་ཐོབ་ཡོད་པའི་ཁར་ ཚོགས་དཔོན་ལས་ སྡོད་ཆོག་པའི་ཡིག་ཆ་ཐོབ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ སྤྱི་ཟླ་༥ པའི་ནང་ དྲུང་ཁག་བདག་སྐྱོང་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཡིག་ཚང་ལུ་ གཱོལ་བིལ་སྒྲིང་གི་སྒྲིང་ཁྱིམ་དེ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ བསྣར་འགྱངས་སྦེ་ལུས་མི་ རྩོད་ཉོགས་ཚུ་ཡང་ རྩིས་སྤྲོད་འབད་བའི་ཤུལ་ལས་ ཁོང་གིས་ ཁྲིམས་འདུན་ལུ་བཅར་ཐོག་ལས་ གན་རྒྱ་བཟོ་སྟེ་ དུས་ཚོད་བྱིན་ཡི་ཟེར་ཨིན་པས།
ཁོང་ཆ་ཁྱབ་ཀྱི་གྲས་ལས་ བཟའ་ཚང་༢ ལུ་ དཀའ་ངལ་ཡོདཔ་སྦེ་ ངོས་འཛིན་འབད་ཡོད་རུང་ ལ་ལུ་ཅིག་ ཁག་འབགཔ་དང་ ཚོང་ཁང་ཡོད་མི་ སྣུམ་འཁོར་ཊཱག་ཡོད་མི་ བཟའ་ཁང་ཡོད་མི་ ཤིང་དྲ་ཁང་ དེ་ལས་ སྦུང་ཚོང་རྐྱབ་མི་ཚུ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ གྱི་ ལོ་མཇུག་ལུ་ དྲུང་ཁག་ཁྲིམས་འདུན་ལས་ བཀའ་རྒྱ་གནང་ཡོད་རུང་ ཁོང་བཟའ་ཚང་༡༡ གིས་ ཉན་མ་བཏུབ་པར་ ཁྲིམས་ཀྱི་བཀའ་རྒྱ་ལས་འགལ་ཡོདཔ་མ་ཚད་ ཁྲིམས་ཀྱི་བཀའ་རྒྱ་ལུ་མ་གནས་མི་གིས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་དགོཔ་ཨིན་ཟེར་ དྲང་དཔོན་བསོད་ནམས་ཚེ་རིང་གིས་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ཁོང་བཟའ་ཚང་ཚུ་གིས་ སྒྲིང་ཁྱིམ་ནང་ལས་ འཐོན་འགྱོ་ནི་མེན་པར་ མི་རྗེ་བློན་ཆེན་མཆོག་གི་ བཀའ་རྒྱ་ལུ་ བསྒུག་སྡོད་དོ་ཡོདཔ་ཨིན་པས།
རྨགཔ་དང་ཡ་བྲལ་སོང་མི་ སངས་རྒྱས་བུད་དར་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཡིག་ཚང་གིས་ སྒྲིང་ཁྱིམ་ནང་ སྡོད་ཆོགཔ་སྦེ་ འཕྲལ་ཁམས་ཅིག་ཁར་ སླབ་ཡོད་རུང་ ད་རུང་ འཐོན་འགྱོ་དགོཔ་སྦེ་སླབ་མི་དེ་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ངེས་པར་དུ་ འཐོན་འགྱོ་ནི་ཨིན་རུང་ དུས་ཚོད་ཐེབས་དགོཔ་འདུག་ཟེར་བཀོད་མི་དེ་ ད་ལྟོ་ཁྱིམ་འཚོལ་བའི་བསྒང་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment