གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོན་ཕུ་ལ་ལས་ རྒྱ་གར་ལུ་ འཕུར་འགྲུལ་གྱི་འོས་འབབ།

༢༣/༡/༢༠༡༣   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བཀྲིས་སྒང་གི་མི་སེར་དང་ ཞི་གཡོགཔ་ ཚོང་པ་ཚུ་དང་གཅིག་ཁར་ སྤྱི་ཟླ་དང་པའི་ ཚེས་༡༩ ལུ་ ཞལ་འཛོམས་འཚོགས་གནང་པའི་སྐབས་ བྱ་སྟབས་བདེ་དྲགས་འབྱུང་པ་ཅིན་ བཀྲིས་སྒང་ ཡོན་ཕུ་ལ་ལས་ རྒྱ་གར་ཨ་སམ་ལུ་ གནམ་གྲུ་འཕུར་འགྲུལ་གྱི་ ཞབས་ཏོག་འགོ་བཙུགས་ནི་ཟེར་གསུངས་ཡི།


བློན་ཆེན་གྱིས་བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ནི་དེ་ གཞུང་གིས་ ཐག་བཅད་ནི་མེན་པར་ གནམ་གྲུའི་ཞབས་ཏོག་ སྤྲོད་མི་ཚུ་གིས་ ཐག་བཅད་དགོཔ་འོང་ཟེར་ཨིན་པས།
ཡོན་ཕུ་ལ་གནམ་ཐང་ནང་ལས་སྦེ་ ཕྱི་རྒྱལ་ཁབ་ནང་ གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ནི་ཨིན་མི་དེ་ གཞུང་གི་ཁ་ཐུག་ལས་ ལོ་ངོ་མང་རབས་ཅིག་གི་ ཧེ་མ་ལས་ར་ མནོ་བསམ་བཏངམ་བཏང་ས་ར་ ཡོད་ཟེར་ཨིན་པས།
ཨིན་རུང་ ང་བཅས་གཞུང་གིས་ འཕུར་འགྲུལ་གྱི་ཞབས་ཏོག་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ཚུགས་ཟེར་བའི་ ཁས་ལེན་འབད་མི་ ཚུགས་ཟེར་ བློན་ཆེན་གྱིས་ཞལ་འཛོམས་ནང་གསུངས་ཡོདཔ་ཨིན་པས།
མ་གཞི་རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མིའི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བལྟ་བ་ཅིན་ ཡོན་ཕུ་ལ་ལས་ ས་གནས་གཞན་ཁར་ གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ཚུགས་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
བཀྲིས་སྒང་གི་ བཟའ་ཁང་ཇོ་བདག་ཚུ་གིས་ བློན་ཆེན་ལུ་ ཞུ་བ་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་ལྟ་བ་ཅིན་ ཞབས་ཏོག་དེ་ འཕྲལ་ར་ འགོ་བཙུགས་དགོཔ་བཟུམ་ཅིག་ མཐོང་མས་ཟེར་ཨིན་པས།
གནམ་གྲུའི་ཞབས་ཏོག་ར་ འགོ་བཙུགས་དཔ་འདྲཝ་ཅིག་འབད་བ་ཅིན་ ལྟ་བཤལཔ་འོང་ནི་དེ་ ལོག་ལྟབ་ཀྱིས་ ཡར་སེང་འགྱོ་འོང་ཟེར་ འབྲུག་བདེ་འབྱུང་གི་ཇོ་བདག་ ཀུན་དགའ་གིས་ ཞལ་འཛོམས་ཀྱི་སྐབས་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
གླིང་མཁར་སྐྱིད་གནས་ཀྱི་ཇོ་བདག་ བདེ་སྐྱིད་དཔལ་སྒྲོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུའི་ཞབས་ཏོག་ འགོ་བཙུགས་མི་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་ཚུ་ ཡར་སེང་འབད་ནི་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment