གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་འཐུང་མི་ཚུ་ལུ་ ཤེས་ཡོན་བྱིན་ནིའི་འཆར་གཞི།

༢༣/༡/༢༠༡༣   ༉ འདས་པའི་ཟླཝ་ནང་ སྤ་རོ་ལུ་སྦེ་ ཆང་ལུ་བརྟེན་པའི་ གནོད་སྐྱོན་མར་ཕབ་རྐྱབ་ནིའི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ བསྟན་སྲུང་ཕན་བདེའི་ལས་འགུལ་གྱི་ ངོ་ཚབ་ཅིག་གིས་འབད་བ་ཅིན་ ལས་འགུལ་གྱིས་ ཆང་འཐུང་མི་ཚུ་ལུ་ ཤེས་ཡོན་བྱིན་ནིའི་དོན་ལུ་ འཆར་གཞི་ཚུ་ བརྩམ་པའི་བསྒང་ཡོད་ཟེར་ཨིན་པས།


ལས་འགུལ་གྱི་ ངོ་ཚབ་དེ་གིས་ སླབ་མིའི་ནང་ གལ་སྲིད་ཆང་ཚུ་ ཚུལ་མཐུན་མ་འཐུང་པ་ཅིན་ ཁོང་གིས་ ཐོན་སྐྱེད་འབད་མི་ ཆང་ཚུ་ལུ་བརྟེན་ མི་ངོ་རྐྱང་དང་ མི་སྡེ་ལུ་ གནོད་པ་སྦོམ་འབྱུང་སྲིད་འོང་ཟེར་ཨིནམ་མ་ཚད་ མ་གཞི་ ཁོང་གིས་ཐོན་སྐྱེད་འབད་མི་ ཆང་ཚུ་གིས་ ངོ་རྐྱང་དང་ མི་སྡེ་ནང་ སྤྲོ་སྣང་འབྱུང་ནི་ཨིན་རུང་ འགན་ཁུར་ཅན་སྦེ་ ལག་ལེན་མ་འཐབ་པ་ཅིན་ དེ་དང་བསྟུན་པའི་ གནོད་པ་ཚུ་ཡང་ འབྱུང་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཆང་ལུ་བརྟེན་པའི་གནོད་སྐྱོན་ཚུ་ བྱུང་དོ་ཡོདཔ་ཨིན་རུང་ དེ་ཚུ་ གཙོ་བོ་ར་ ཚད་ལྡན་ཐོག་ལས་ ལག་ལེན་མ་འཐབ་པར་ ལོག་སྤྱོད་འབད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ཆང་ལག་ལེན་འཐབ་མི་ ངོ་རྐྱང་དང་ མི་སྡེའི་ཕན་བདེ་ལུ་ལྟ་སྟེ་ ལས་འགུལ་གྱིས་ ཚོང་འབྲེལ་གྱི་དོན་ལུ་ སྤུད་ཚད་ཅན་གྱི་ཆང་ཚུ་ ཐོན་སྐྱེད་འབད་ནི་ལུ་ འབད་བརྩོན་བསྐྱེད་དོ་ཟེར་ ངོ་ཚབ་དེ་གིས་ སླབ་ཨིན་པས།
དེ་མ་ཚད་ ལས་འགུལ་གྱིས་ མི་སྡེ་ལུ་ ཤེས་ཡོན་སྤྲོད་ནིའི་ལས་རིམ་གྱི་ ཆ་ཤས་ཅིག་སྦེ་ ན་ཧིང་ སྤྱི་ཟླ་༡༠ པའི་ བདུན་ཕྲག་༢ པའི་ནང་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ལུ་ཉེན་ཁ་དང་ ལོ་ཚད་མ་ལང་མི་ཚུ་གིས་ ཆང་འཐུང་མི་ དེ་ལས་ ཆང་ལོག་སྤྱོད་དང་འབྲེལ་བའི་ གནོད་པ་གཞན་ཚུ་གི་སྐོར་ལས་ཡང་ རས་བྱང་ཚུ་གི་ཐོག་ལས་ གོ་བརྡ་སྤེལ་ཏེ་ ཡོད་ཟེར་ཨིན་པས།
ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ གསོ་བའི་ལས་བྱེདཔ་ཅིག་གིས་ ལས་འགུལ་གྱིས་ ཁོང་གི་འོང་འབབ་ལས་ བརྒྱ་ཆ་ག་དེམ་ཅིག་ གོ་བརྡའི་ལས་རིམ་གྱི་དོན་ལུ་ ཟད་འགྲོ་བཏང་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ལས་འགུལ་གྱི་ངོ་ཚབ་དེ་གིས་ ཁོ་ར་ ལས་འགུལ་ནང་ འཛུལ་ཞུགས་འབད་དེ་ ལོ་༡ མ་གཏོགས་ མ་ལངམ་ལས་ དེ་གི་སྐོར་ལས་ མི་ཤེས་ཟེར་ སླབ་ཡོདཔ་མ་ཚད་ དེ་གི་དོན་ལུ་ རྩིས་ཁྲ་ཚུ་ཡང་ མ་བཞགཔ་འོང་ཟེར་སླབ་ཅི།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལུང་ཕྱོགས་གྲོས་སྟོན་པ་ ཌོག་ཊར་ ཝི་ཇེ་ ཅཱན་ད་ར་གིས་ རས་བྱང་ཚུ་གི་ཐོག་ལས་སྦེ་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་མི་ཚུ་གིས་ ཕན་པ་སྦོམ་མེདཔ་བཞིན་དུ་ ལས་འགུལ་གྱིས་ ཟད་འགྲོ་ཉུང་བའི་ གྲོས་སྟོན་ཐོག་གི་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་ཟེར་སླབ་ཅི།
འགན་ཁུར་ཅན་གྱི་ཐོག་ལས་ ཆང་འཐུང་ནི་ཟེར་བའི་ ཚིག་དོན་དེ་གིས་ མི་ཚུ་གིས་ ཆང་འཐུང་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིནམ་བཞིན་དུ་ དེ་ཚུ་ ལག་ལེན་འཐབ་ནི་ མི་འོང་ཟེར་སླབ་ཡོདཔ་ད་ ད་རེས་ཁམས་ ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་དང་ དྲི་བ་དྲིས་ལན་འབད་བའི་སྐབས་ དེ་བཟུམ་མའི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ ལས་འགུལ་གྱི་ནང་ མཁས་མཆོག་མེད་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཨིན་པས།
ལས་འགུལ་གྱི་ ངོ་ཚབ་དེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཆང་དང་ སྨྱོ་རྫས་ལུ་བརྟེན་ གནོད་པ་བྱུང་མི་ཚུ་ལུ་ རྒྱབ་སྐྱོར་གྱི་ཞབས་ཏོག་བྱིན་མི་ སྤྱི་མཐུན་ཕན་བདེ་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ལུ་ འཆར་གཞི་བརྩམ་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ལས་འགུལ་གྱིས་ ཆང་ལི་ཊར་བསྡོམས་ ས་ཡ་༦.༩ ཐོན་སྐྱེད་འབད་ས་ལས་ ལི་ཊར་༦.༧ རྒྱལ་ཁབ་ནང་འཁོད་ལུ་ བཙོང་ཡོདཔ་ཨིན་པས།
བསྟན་སྲུང་ཕན་བདེའི་ལས་འགུལ་དེ་ གཞུང་གི་ཕན་བདེའི་ལས་འགུལ་སྦེ་ སྤྱི་ལོ་༡༩༧༤ ལུ་ དགེ་ལེགས་ཕུག་ལུ་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ སྤྱི་ལོ་༡༩༨༤ ལུ་ ལས་འགུལ་དེ་ བསྟན་སྲུང་ཕན་བདེ་ལས་འགུལ་ཟེར་མི་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment