གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མངའ་ཞབས་མཆོག་ རྒྱ་གར་ལུ་ རྒྱལ་ཁམས་གཟིགས་སྐོར།

༢༢/༡/༢༠༡༣   དེ་ཡང་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ མགྲོན་བརྡ་ཕུལ་མི་དང་བསྟུན་ཨིན་པས།
༉ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི་གིས་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྐུ་ཞག་༧ གྱི་དོན་ལུ་ ནངས་པ་ ནིའུ་ལྡི་ལི་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།
དུས་སྟོན་བརྩི་སྲུང་གི་དོན་ལུ་ དམག་འཐབ་མཚོན་འཁོར་ཚུ་ གྲ་སྒྲིག་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་༦༤ པ་ བརྩི་སྲུང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ འབྱོན་གནང་ནི་ཨིནམ་ད་ དུས་སྟོན་དེ་ རྩ་ཁྲིམས་ཆེན་མོ་ཆ་འཇོག་གྲུབ་སྟེ་ ལག་ལེན་འཐབ་པའི་ རྒྱལ་རབས་ཅན་གྱི་ ཉིནམ་ཅིག་འབད་བ་ལུ་བརྟེན་ རྒྱ་གར་གྱི་ སྲིད་འཛིན་གྱིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་དམ་ཟབ་ཡོད་མི་ལུ་ གཞི་བཞག་སྟེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དུས་དྲན་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་དགོ་པའི་ མགྲོན་བརྡ་ཕུལ་ནུག་ཟེར་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གི་ གཞུང་འབྲེལ་མགྲིན་ཚབ་ ས་ཡིཌ་ ཨག་བར་རུ་དིན་གྱིས་ སླབ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མགྲོན་བརྡའི་ཡི་གུ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སཱལ་མཱན་ ཁུར་ཤིཌི་ འབྲུག་ལུ་ གཞུང་དོན་ལྟ་སྐོར་ལུ་སོངམ་ད་ མི་དབང་མངའ་ཞབས་མཆོག་ལུ་ ཕུལ་ནུག་ཟེར་ཨིན་པས།
རྒྱ་གར་གྱིས་ སྤྱི་ལོ་༡༩༣༥ ལོའི་གཞུང་གི་བཅའ་ཁྲིམས་ཀྱི་ཚབ་ལུ་ སྤྱི་ལོ་༡༩༥༠ ཟླཝ་༡ པའི་ཚེས་༢༦ ལུ་ རྩ་ཁྲིམས་ཆེན་མོ་བསྟར་སྤྱོད་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་བཞིན་དུ་ དུས་དྲན་བརྩི་སྲུང་ཞུ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་མ་འབད་བའི་ཧེ་མར་ སྤྱི་ཟླ་༡ པའི་ཚེས་༢༥ ལུ་ རཱསི་ཊ་པ་ཏི་ བྷ་ཝཱན་གྱི་ ས་ཁོངས་ནང་སྦེ་ མི་དབང་མངའ་ཞབས་མཆོག་ལུ་ སྟི་སྭ་ཞུ་ཐོག་ལས་ ཕེབས་བསུ་ཞུ་ནི་དང་ དེ་གི་ཕྱི་རུ་ སྲིད་འཛིན་གྱིས་ མི་དབང་མཆོག་དང་ ཕྱག་ཞུ་མི་ཚུ་ལུ་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོདཔ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༢༣ ལས་༣༠ ཚུན་ཆིབས་བསྐྱོད་གནང་ནི་ཨིན་མི་ རྒྱལ་ཁམས་ཀྱི་ གཟིགས་སྐོར་སྐབས་ མི་དབང་མཆོག་གིས་ སྲིད་འཛིན་པར་ནཱབ་མུ་ཁར་ཇི་དང་ སྲིད་བློན་ཌོག་ཊར་མཱན་མོ་ཧཱན་སིང་ དེ་ལས་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ རྒྱལ་ཁམས་ཀྱི་ ཆིབས་བསྐྱོད་གནང་མི་དེ་གིས་ འབྲུག་དང་ རྒྱ་གར་གྱི་ མི་སེར་དེ་ལས་ གཞུང་གི་བར་ན་ མཐུན་ལམ་ལྷག་པར་དུ་ དམ་ཟབ་བཟོ་ནི་ལུ་ ཕན་ཐབས་སྦོམ་འབྱུང་འོང་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག།
གཟིགས་སྐོར་གྱི་སྐབས་ལུ་ མི་དབང་མཆོག་དང་ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བློན་པོ་མཁའ་འགྲོ་དབང་ཕྱུག་དང་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ འབྱོན་ནི་ཨིན་པའི་གནས་ཚུལ།

ནིའུ་ལྡི་ལི་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment