གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུག་གཉིས་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་།

༢༨/༡/༢༠༡༣   ༉ སྐྱེས་ལོ་༥༣ ལང་མི་ ཚེ་དབང་ནོར་བུ་དེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་ནི་གི་དོན་ལུ་ ཁོ་རའི་ཆ་རོགས་དང་ སྤུན་ཆ་ཚུ་གིས་ སླབ་པའི་ཤུལ་ལུ་ ཟླཝ་གཅིག་གི་ནང་འཁོད་ ཁོ་གིས་ བཅའ་མར་གཏོགས་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།
ཚེ་དབང་ནོར་བུ།


རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ ལུག་གཉིས་རྒེད་འོག་ལས་ ཚེ་དབང་ནོར་བུ་གིས་འབད་བ་ཅིན་ ལོ་ངོ་༢༥ འི་རིང་ མི་ཆེ་འབྲིང་ཆུང་༣ ག་ར་ལུ་ ཕྱག་ཞུ་སྡོད་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ཐག་བཅད་ནི་དེ་ ལཱ་ཁག་ཅིག་མིན་འདུག་ཟེར་ཨིན་པས།
ཁོ་གིས་ ལོ་ངོ་༢༥ འི་རིང་ འབྲུག་གོང་འཕེལ་ལས་འཛིན་ནང་ ལཱ་འབད་བའི་ཤུལ་ལུ་ ན་ཧིང་གི་ ལོ་མཇུག་ལུ་ ལས་འཛིན་ནང་ལས་ དགོངས་ཞུ་འབད་ཡོདཔ་བཞིན་དུ་ ཁོ་གིས་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་ཀྱི་ བཙག་འཐུ་༢ པའི་ནང་ལུ་ དོ་འགྲན་འབད་ནི་ཨིན་པས།
ཚེ་དབང་ནོར་བུ་གིས་ རྒྱ་གར་རྒྱལ་ཁབ་ ཅན་དི་གརཊ་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༡༩༨༦ ལུ་ འཛམ་གླིང་གོང་འཕེལ་མ་དངུལ་ཡིག་ཚང་ནང་ ལཱ་འབད་ཡོདཔ་ད་ དེ་གི་ཤུལ་ལས་ སྤྱི་ལོ་༡༩༨༨ ལུ་ འབྲུག་གོང་འཕེལ་ལས་འཛིན་ནང་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཚེ་དབང་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དངུལ་ཕོགས་དང་ ཐོབ་ལམ་ཚུ་འབད་བ་ཅིན་ འཛམ་གླིང་གོང་འཕེལ་མ་དངུལ་ནང་ ལེགས་ཤོམ་ཡོདཔ་ཨིན་རུང་ ལཱ་གི་དམིགས་ཡུལ་ཚུ་ འབྲུག་གོང་འཕེལ་ལས་འཛིན་ནང་ དྲག་དོ་ཡོདཔ་ལས་ ཁོ་གིས་ དེ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་ངོ་༢༥ འི་རིང་ ལས་འཛིན་ནང་ ལཱ་འབད་བའི་སྐབས་ མི་དྲག་ཞན་ ཆེ་འབྲིང་ཆུང་གསུམ་ ག་ར་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་་ མི་མང་ལུ་ ཕྱག་ཞུ་ཡོདཔ་ལས་ ད་ལས་ཕར་ཡང་ ཕྱག་ཞུ་ནིའི་མནོ་བསམ་སྦོམ་ཡོད་ཟེར་ཨིན་པས།
ཚེ་དབང་ནོར་བུ་གིས་འབད་བ་ཅིན་ མ་གཞི་ བཙག་འཐུའི་ནང་ལས་ རྒྱལ་ནི་དང་ ཕམ་ནི་དེ་ མི་སེར་ལུ་ རག་ལེགས་ནི་ཨིན་རུང་ ག་དེམ་ཅིག་སྦེ་ ཁོ་གིས་ རྒྱལ་ཁ་ཐོབ་འདྲཝ་ཅི་འབད་བ་ཅིན་ ཅི་ལྕོགས་གང་ལྕོགས་ཀྱི་ སྒོ་ལས་ ཕྱག་ཞུ་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment