གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ འཕྲོ་མཐུད་དེ་ ནགས་མེ་བསད་ནི།

༢༥/༡/༢༠༡༣   ༉ ཁ་ཙ་ ཉིན་མའི་ཆུ་ཚོད་༡༡:༣༠ དེ་ཅིག་ལུ་ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་གྱི་ ཉེ་འདབས་ས་གནས་ བཀྲིས་སྤོག་ཏོག་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་གིས་ ཉིནམ་༡ ལུ་ར་ སྟོང་ཕུ་ཤིང་ཨེ་ཀར་༢༠༠ དེ་ཅིག་ འཚིགས་ཡོདཔ་ད་ ནགས་མེ་དེ་ ད་ལྟོའི་བར་ན་ཡང་ བསད་མ་ཚུགས་པར་ ཡོདཔ་ཨིན་པས།


མོང་སྒར་རྒྱལ་པོའི་ཞིང་གི་ ནགས་ཚལ་གླིང་འཛིན་འགོ་དཔོན་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འཁོར་ལམ་གྱི་ ཉེ་འདབས་ལུ་ ནགས་མེ་ཤོར་མི་དེ་ཡང་ ས་གནས་དེ་ཁར་ སྦ་སྒོར་༡ ནང་སྡོད་མི་ ཨང་རྒས་ཅིག་གིས་ ཉིན་མའི་བཞེས་སྒོ་འབད་བའི་སྐབས་ལུ་ ཧང་སྟོང་མར་ མེ་ཤོར་སོ་ནི་དེ་གིས་ དོན་ཆེད་སྦེ་ར་ མེ་བཏང་བཏངམ་ མེན་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ ནགས་མེ་ཤོར་སའི་ས་ཁོངས་ནང་ མེ་རྐྱེན་མ་ཤོར་བར་ ལོ་༣ དེ་ཅིག་ལང་ཡི་ཟེར་ཨིནམ་ད་ ས་ཁོངས་ནང་ སྟོང་ཕུ་ཤིང་དང་ ཚལ་མ་རག་རོག་ཚུ་གི་ འཚིགས་ཤུལ་ལེ་ཤ་ཡོདཔ་མ་ཚད་ མེ་བསད་ནི་ལུ་ གདོང་ལེན་སྦོམ་བྱུང་མི་དེ་ཡང་ བྱག་གཟར་དྲགས་ཡོད་ནི་དེ་གིས་ཨིན་པས།
མོང་སྒར་རྫོང་ཁག་ནང་ ཁ་ཙ་ཤོར་མི་ ནགས་ཚལ་མེ་རྐྱེན་དེ་ དུས་ཅི་ གནམ་དགུན་གྱི་དུས་ཚོད་ལུ་ འགོ་དང་པ་ཨིནམ་ད་ རྒྱལ་པོའི་ཞིང་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མི་ཚུ་གིས་ ནགས་ཚལ་དེ་ དགོས་མཁོ་ཆེ་ཧིང་ཤེས་ཏེ་འབད་རུང་ མེ་བདག་འཛིན་འཐབ་ནི་ལུ་ རྒྱབ་སྐྱོར་མིན་འདུག་ཟེར་ཨིན་པས།
ནགས་མེ་དེ་ཡང་ རྒྱལ་པོའི་ཞིང་ལུ་ཡོད་པའི་ ཁྲིམས་སྲུང་འགག་པ་དང་ ནགས་ཚལ་ལས་བྱེད་པ་ དེ་ལས་ ས་གནས་ཀྱི་མི་ཚུ་འབདཝ་ད་ བསྡོམས་མི་གྲངས་༣༠ དེ་ཅིག་གིས་ བསད་ཡོད་རུང་ བྱ་གཟར་དྲགས་ཡོད་མི་ལུ་བརྟེན་ ཁ་ཙ་ རྩ་བ་ལས་ བསད་མ་ཚུགས་ནི་དེ་གིས་ ད་རིས་ འཕྲོ་མཐུད་དེ་ བསད་ནི་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནགས་ཚལ་མེ་རྐྱེན་ལུ་བརྟེན་ སྟོང་ཕུ་ཤིང་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ འཚིགས་དོ་ཡོདཔ་ལས་ གཞུང་གིས་འབད་རུང་ མེ་རྐྱེན་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ མ་བཏུབ་བཏུབ་སྦེ་ སྤྲོད་ནི་ཡོད་རུང་ མི་སེར་ཚུ་གིས་ སྣང་དག་མ་བསྐྱེད་པའི་ཁར་ ཁྲིམས་ལུ་ཡང་ འཚེར་སྣང་མེདཔ་བཟུམ་སྦེ་ ཚོརཝ་མས་ཟེར་ཨིན་པས།
ནགས་ཚལ་མེ་བཏང་མི་ཚུ་ བདའ་ཟུན་པ་ཅིན་ ས་ཆ་ཧེཊ་ཊར་༡ ལུ་ ཉེས་ཆད་དངུལ་ཀྲམ་༣,༠༠༠ ལས་༡༠,༠༠༠ ཚུན་ ཡངས་ཆག་མེད་པར་ བཀལ་དོ་ཡོདཔ་ཨིན་པས།
འབྲུག་གི་ནགས་ཚལ་བཅའ་ཁྲིམས་ སྤྱི་ལོ་༡༩༦༩ ཅན་མའི་ནང་ དོན་ཆེད་སྦེ་ར་ ནགས་མེ་སྤར་མི་ཚུ་ བདའ་ཟུན་པ་ཅིན་ མི་ངོམ་དེ་ བཙོན་ནང་བཙུགས་དོ་ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་བཅའ་ཁྲིམས་༡༩༩༥ དང་འཁྲིལཝ་ད་ ནགས་ཚལ་ལུ་ གནོད་སྐྱོན་འབྱུང་ཉེན་ཡོད་པའི་ས་ཁོངས་ནང་ མེ་འཕུ་མ་ཆོགཔ་སྦེ་ཡོདཔ་ད་ ཁྲིམས་དེ་ལས་འགལ་བ་ཅིན་ བཙོན་ཁྲིམས་ལོ་༥ ཡན་ཆད་ སྨིན་དགོཔ་སྦེ་ ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment