གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཆོག་ཐམ་དགོ་པའི་འོས་འབབ།

༢༨/༡/༢༠༡༣   ༉ ད་ཚུན་ ཐིམ་ཕུ་ལུ་ ཚོད་བསྲེ་སྦུང་ཚོང་འཐབ་མི་ཚུ་ལུ་ ཚོང་འབྲེལ་འཐབ་ཆོག་པའི་ ཆོག་ཐམ་མེད་རུང་ ད་ལས་ཕར་ ངོས་འཛིན་ཆོག་ཐམ་བྱིན་ནི་ཨིན་པས།
དེ་འབདཝ་ད་ སིལ་ཚོང་འཐབ་མི་དང་ སྒོ་ཚོང་རྐྱབ་མི་ ཡང་ན་ ཚོང་ཕྱམ་ཕྱིམ་རེ་རྐྱབ་སྡོད་མི་ཚུ་ལུ་ ཆོག་ཐམ་མ་དགོཔ་སྦེ་ཨིན་པས།



སྤྱི་ཟླ་༡ པའི་ཚེས་༢༣ ལུ་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་དང་ ཚོང་འབྲེལ་ལས་ཁུངས་གཉིས་ཀྱི་བར་ན་ ཚོད་བསྲེ་ཚོང་འབྲེལ་འཐབ་སྡོད་མི་ཚུ་ལུ་ གནང་བ་བྱིན་ནིའི་དོན་ལུ་དང་ ཚོང་འབྲེལ་འཐབ་ཆོག་མི་ ག་ཨིན་ན་ཚུ་གི་སྐོར་ལས་ སོ་ནམ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ གོ་བསྡུར་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།
གྲོས་བསྟུན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ ཟིན་བྲིས་ནང་ ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ཁར་ སྦུང་ཚོང་འཐབ་ཆོག་མི་ འཐུས་མི་༡༤ ཡོད་རུང་ ད་ཚུན་ ཆོག་ཐམ་མེདཔ་ལས་ ངོས་འཛིན་ཆོག་ཐམ་བྱིན་ནིའི་དོན་ལུ་ཨིནམ་ད་ སིལ་ཚོང་དང་ སྒོ་ཚོང་འཐབ་མི་ཚུ་ལུ་ ཆོག་ཐམ་དགོཔ་མེདཔ་སྦེ་ གྲོས་ཐག་བཅད་ཡོད་མི་དེ་ མཐའ་བཅད་ཀྱི་དོན་ལུ་ སོ་ནམ་ལྷན་ཁག་ལུ་ ཕུལ་ནི་ཨིན་པས།
སྦུང་ཚོང་འཐབ་མི་ཚུ་ཡང་ ཁྲོམ་སྦོམ་ཚུ་ནང་ འོང་དགོ་པའི་ཁར་ ས་མཚམས་ཁྲོམ་དང་ རྫོང་ཁག་གི་ ལུང་ཕྱོགས་སོ་སོའི་ནང་ཡང་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཆོག་ཐམ་བྱིན་དགོཔ་སྦེ་ཡོདཔ་ལས་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱིས་ བསྟན་རྒྱས་ལྷན་ཁག་ ཚོང་འབྲེལ་ལས་ཁུངས་ལུ་ ཐོ་བཀོད་འབད་དེ་ ཕུལ་དགོཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་གིས་ རྒྱལ་ཁབ་ནང་ སྦུང་ཚོང་རྐྱབ་སྡོད་མི་ ག་དེ་ཅིག་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་དེ་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ལུ་ བྱིན་དགོ་པའི་ཁར་ ནང་འཁོད་ལས་འཐོན་མིའི་ ཚོད་བསྲེ་ཚུ་ལུ་ གཞི་བཞག་ཐོག་ལས་ སྦུང་ཚོང་རྐྱབ་མི་ཚུ་གིས་ ནང་འདྲེན་འབད་ཆོག་པའི་ཚོད་བསྲེ་ཚུ་ ཐོ་བཀོད་འབད་མི་དང་འཁྲིལ་ འབག་འོང་ཆོག་ནི་ཨིནམ་ལས་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ཞིབ་དཔྱད་འབད་ནི་སྦེ་ བཞག་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལས་ ཚོད་བསྲེ་ཐོན་སྐྱེད་ རང་མགོ་རང་འདྲོང་བཟོ་ནིའི་དམིགས་དོན་དང་འཁྲིལ་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱིས་ སྦུང་ཚོང་རྐྱབ་མི་ཚུ་ལུ་ འཐུས་དངུལ་ཀྲམ་༡༠,༠༠༠ ཚོང་འབྲེལ་ལས་ཁུངས་ལུ་ དགོངས་ཡངས་འབད་དགོ་པའི་ གྲོས་འདེབས་ཕུལ་མིའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ འོང་འབབ་དང་ཅ་དམ་ལས་ཁུངས་དང་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་གཉིས་ མཐུན་འབྲེལ་ཐོག་ལས་ ཁྲལ་བཏབ་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་ ཐབས་ཤེས་གྲོས་བསྡུར་འབད་ནི་ཨིན་ཟེར་ཨིན་པས།
ས་མཚམས་ཁར་སྡོད་མི་ཚུ་གིས་ སྒེར་སྤྱོད་འབད་ནིའི་དོན་ལུ་ ཚོད་བསྲེའི་རིགས་ ཀེ་ཇི་༥༠ ལས་ལྷག་སྟེ་ འབག་འོང་མ་ཆོགཔ་ད་ ཆོག་ཐམ་འཆང་མི་ སྦུང་ཚོང་རྐྱབ་མི་ཚུ་གིས་ ཚོད་བསྲེ་ཚུ་ ནང་འདྲེན་འབད་ནི་ཨིན་པས།
ཐིམ་ཕུ་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ སྦུང་ཚོང་དང་ སིལ་ཚོང་གི་གནད་དོན་སྐོར་ སྤྱི་ཟླ་༡ པའི་ཚེས་༢༨ རེས་གཟའ་མིག་དམར་ལུ་ གྲོས་བསྡུར་འབད་ནི་ཨིན་ཟེར་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མི་དང་འཁྲིལཝ་ད་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཆོག་ཐམ་འཆང་དགོཔ་བཟོ་དགོ་པའི་དམིགས་དོན་དེ་ རྒྱལ་ཁབ་ ནང་འཁོད་ཚོད་བསྲེ་ ཐོན་སྐྱེད་གོང་འཕེལ་གཏང་ནིའི་དོན་ལུ་ ཨིནམ་མ་ཚད་ གཞུང་གི་སྲིད་བྱུས་དང་ ལམ་སྟོན་ དེ་ལས་ འཆར་གཞི་ཚུ་ལུ་ དམིགས་གཏད་བཟོ་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment