གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མིན་འཐབ་མི་ ཤིང་ཆས་ཨེན་ཏ་ཚུ་ འཕྱོག་བཟུང་འབད་ཡོདཔ།

༢༥/༡/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ དབང་འདུས་ཕོ་བྲང་ མངའ་སྡེའི་ནགས་ཚལ་འགོ་དཔོན་ཚུ་གིས་ ཚུལ་མིན་ཐོག་ལས་ ཤིང་ཆས་ཨེན་ཏ་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ ཊི་པར་ཊཱག་ཅིག་ འཕྱོག་བཟུང་འབད་མི་དེ་ ད་ལྟོ་ མངའ་སྡེའི་ནགས་ཚལ་ཡིག་ཚང་གི་གདོང་ཁར བཞག་ཡོདཔ་ཨིན་པས།
ཚུལ་མིན་ཐོག་ལས་ ཤིང་ཆས་ཨེན་ཏ་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊི་པར་ཊཱག།


ནགས་ཚལ་གླིང་ཁའི་འགོ་དཔོན་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ཨེན་ཏ་ཚུ་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ལུ་ ནགས་ཚལ་འགོ་དཔོན་ཚུ་གིས་ ཐིམ་ཕུ་ཆུ་འཛོམས་དང་ བ་འཇོ་ཁྲོམ་རྙིངམ་གི་བར་ན་ ལྟ་རྟོག་འབད་བའི་སྐབས་ བདའ་ཟུན་ཡི་ཟེར་ཨིན་པས།
སི་ཨེཕི་ཊི་༢༡༡ འབད་མི་ སྟོང་ཕུ་ཤིང་གི་ ཨེན་ཏ་ཚུ་ ནག་ཚོང་འཐབ་ནིའི་དོན་ལུ་ འབག་འོང་ཡོདཔ་ད་ ད་ལྟོ་ བྱ་ངན་དེ་ནང་ འབྲེལ་བ་ཡོད་མི་༢ རྐྱངམ་གཅིག་ལས་ བདའ་མ་བཟུན་ནི་དེ་གིས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ བཙན་སྐྱོགས་ཀྱིས་ སླབ་ཨིན་པས།
ཨེན་ཏ་ཚུ་ གོང་ཚད་ལུ་ཕབ་པ་ཅིན་ དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ གནས་ནི་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལས་ བྱ་ངན་འབད་མི་ཚུ་གིས་ ཨེན་ཏ་ ལོག་ལེན་དགོ་པ་ཅིན་ གོང་ཚད་དེའི་ཐོག་ལུ་ ལེན་ཚུགས་ནི་ཨིནམ་ད་ དེ་མིན་ གཞུང་བཞེས་གཏང་ནི་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་ཊཱག་དེ་ དབྱེ་ཞིབ་འབད་བའི་སྐབས་ ཤིང་སྐྱེལ་འདྲེན་འབད་ནི་དང་ ཤིང་འཆང་ཆོག་པའི་ ཚུལ་མཐུན་ཡིག་ཆ་ཚུ་ མིན་འདུག་ཟེར་ཨིནམ་ད་ ཤིང་དེ་ དབང་འདུས་ཕོ་བྲང་ མཁོ་ཏོ་ཁ་ ནགས་ཚལ་འཛིན་སྐྱོང་སྡེ་ཚན་གྱི་ ས་ཁོངས་ནང་ལས་བཏོན་ཏེ་ དྲ་ནུག་ཟེར་ཨིན་པས།
བཙན་སྐྱོགས་ཀྱིས་འབད་བ་ཅིན་ རྫོང་ཁག་ནང་ ཚུལ་མིན་ཐོག་ལས་ ཤིང་ཚོང་འབྲེལ་འཐབ་མི་དེ་ སློབ་ཕྲུག་ཚུ་གི་ སློབ་གྲྭའི་ཟད་འགྲོ་གཏང་ནི་དང་ དུས་རྒྱུན་གྱི་ ཟད་འགྲོ་གཏང་ནི་ དེ་ལས་ གཡུས་ཁར་རིམ་གྲོ་དང་ ལོ་མཆོག་གཏང་ནིའི་དོན་ལུ་ ཨིན་རུང་ ཧེ་མ་དང་ཕྱདཔ་ད་ ཚུལ་མིན་གྱི་ལཱ་འབད་མི་དེ་ ལེ་ཤ་གིས་མར་བབས་སོང་ཡི་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment